༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ པའི་ཚེས་ ༤ ཉིན་མོན་ཡུལ་འབུམ་སྡེ་ལ་དགོན་ཐུབ་མཆོག་དགའ་ཚལ་གླིང་གྲྭ་ཚང་གི་གཙུག་ལག་ཁང་གསར་བཞེངས་ཀྱི་དབུ་འབྱེད་མཛད་སྒོ་དང་། ཕྱི་ཚེས་ ༡༠ ནས་ ༡༡ བར་འབྲས་ལྗོངས་བྱང་ཕྱོགས་གཏུམ་ལངས་སུ་ཨོ་རྒྱན་མ་ཧཱ་གུ་རུའི་ཕོ་བྲང་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་ཞིང་བཀོད་ལེགས་གྲུབ་བྱུང་བའི་དགའ་སྟོན་མཛད་སྒོ་བཅས་སོ་སོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༡༡ པའི་ཚེས་ ༡ ཉིན་བཞུགས་སྒར་དྷ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢ ཉིན་ལྡི་ལི་ནས་གྷོ་ཝ་ཧ་ཀྲི་བརྒྱུད་འབུམ་སྡེ་ལར་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༣ ནས་ ༥ བར་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༦ ཉིན་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༧ དང་ ༨ ཉིན་རྒྱལ་ས་ལྡི་ལིར་མཛད་འཆར། ཕྱི་ཚེས་ ༩ ཉིན་འབྲས་ལྗོངས་ཀྱི་བྱང་ཕྱོགས་གཏུམ་ལངས་སུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༠ དང་ ༡༡ བཅས་ཉིན་གཉིས་རིང་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༡༢ ཉིན་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༡༣ ཉིན་བཞུགས་སྒར་དྷ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །