༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༢༢ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༧།༥༥ ཐོག་དཔལ་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་སི་པེན་བརྒྱུད་སྦར་སིལ་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། རིན་པོ་ཆེ་མཆོག་སྦར་སིལ་གནམ་ཐང་དུ་ཕེབས་འབྱོར་སྐབས་སྦར་སིལ་སྐུ་ཚབ་དོན་ཁང་གི་ཡུ་རོབ་འབྲེལ་མཐུད་པ་དྲུང་ལས་བསྟན་འཛིན་ཕུན་ཚོགས་ལགས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་ཅིང་། རིན་པོ་ཆེ་མཆོག་ཐུགས་དགྱེས་ཚོར་ཆེན་པོས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། རིན་པོ་ཆེ་མཆོག་ཡུ་རོབ་ཁུལ་གྱི་མཛད་འཕྲིན་ཁག་གཅིག་དང་འབྲེལ་སྦེལ་ཇམ་གྱི་གྲོང་ཁྱེར་ལུའུ་ཝན་དུ་ཉིན་ཤས་རིང་བཞུགས་ཤག་མཛད་རྒྱུ་ཡིན་འདུག་པ་བཅས། །
གསར་གནས།
འབྲེལ་གནས།