༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༠༣ ཉིན་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཚབ་རིག་འཛིན་ཆོས་མཚོ་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་བར་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་ཡོད།
དེ་ཡང་རྩིས་སྤྲོད་རྩིས་ལེན་གྱི་སྤྲོད་དཔང་དུ་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱི་གཟིགས་རྟོགས་འོག་ཕྱོགས་གཉིས་བར་རྩིས་སྤྲོད་རྩིས་ལེན་གྲུབ་རྗེས་ས་གནས་ཀྱི་སློབ་གྲྭ་དང་། སྨན་ཁང་། སྔོན་འགྲོའི་སློབ་གྲྭར་གཟིགས་སྐོར་དུ་ཕེབས་རྗེས་མི་མང་ཚོགས་ཁང་དུ་ས་གནས་འགོ་འཛིན་ལས་ཚབ་དང་། ཚབ་གསར་ས་གནས་འགོ་འཛིན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་སོགས་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། མི་མང་བཅས་ཚང་འཛོམས་ཐོག ས་གནས་འགོ་འཛིན་དང་། སྤྲོད་དཔང་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ནས་མང་ཚོགས་ལ་གསུང་བཤད་གནང་ཞིང་། དེ་རྗེས་ས་གནས་ཀྱི་དགོན་སྡེ་ཁག་ཏུ་གནས་གཟིགས་དང་། ས་གནས་ཀྱི་ལས་གཞི་ཁག་ལ་གཟིགས་སྐོར་གནང་ཡོད་པ་བཅས།།