༄༅། །རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་གདན་ཞུས་ལྟར། ༸བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ཎཱ་ཅལ་མངའ་སྡེར་ཆིབས་བསྒྱུར་བསྐྱངས་པ་དང་བསྟུན། བསྟན་འཛིན་སྒང་ས་གནས་འགོ་འཛིན་ལས་ཁུངས་དང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ཐུན་མོང་ནས་གསོལ་འདེབས་ཞུས་པ་བཞིན། ཉེ་ལམ་ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༣༠ ནས་ཕྱི་ཟླ་ ༡༠ ཚེས་ ༢ བར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་བསྐྱངས་ཡོད།དེ་ཡང་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་སྐབས་ཁུལ་དེའི་བོད་མི་དང་། དད་ལྡན་མང་ཚོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་༸བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ས་གནས་བོད་མི་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་དང་སློབ་ཕྲུག་རྣམས་ལ་ནང་ཆོས་ངོ་སྤྲོད་དང་ཚེ་དབང་བཀའ་དྲིན་སྩལ་ཡོད། སྐབས་དེར་བསྟན་འཛིན་སྒང་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། གཞིས་ཆགས་ཀྱི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་རྗེས། ས་གནས་བོད་མི་དང་སཾ་བྷོ་ཊའི་སློབ་མ་རྣམས་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད།ཕྱི་ཟླ་ ༡༠ ཚེས་ ༢ ཉིན་༸བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ས་གནས་འགོ་འཛིན་ལས་ཁུངས་དང་། བསྟན་འཛིན་སྒང་སཾ་བྷོ་ཊ་ཉིན་སློབ། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་སུ་འཚམས་གཟིགས་གནང་སྟེ་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེ
༸བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་གྱིས་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་བཀའ་དྲིན་སྩལ་བ།
གསར་གནས།
འབྲེལ་གནས།