༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡༨ ཉིན་སྔ་དྲོ་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གདན་ས་དཔལ་ཆེན་ཆོས་གླིང་དུ། ༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་གཽ་ཤྲཱི་རིན་པོ་ཆེ་མཆོག་ལ་གདན་ས་རུམ་བཏེག་སློབ་ཟུར་ཚོགས་པས་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་།
སྐབས་དེའི་བརྟན་བཞུགས་བསྟར་འབུལ་ཐོག་༧སྐྱབས་རྗེ་གར་དབང་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག སྐྱབས་རྗེ་མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་མཆོག་གིས་དབུས་པའི་མཁན་སྤྲུལ་རྣམ་པ། འབྲུག་རྒྱལ་མི་དབང་རྒྱལ་བཙུན་ཆེན་མོའི་ཡབ་ཡུམ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས། སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས། སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་རྒྱུན་ལས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། བཀའ་བརྒྱུད་དགོན་སྡེ་ཁག་གི་སྐུ་ཚབ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཆོས་ཚོགས་ཁག་གི་མཁན་པོ་དང་བླ་མ། སྐུ་ཚབ་སོགས་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་ཕེབས་འདུག