༄༅། །ཉེ་ལམ་རཇ་སྤུར་མ་སུ་རི་ཡན་ལག་བོད་སློབ་ནས་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་འབོད་བསྐུལ་ཞུས་པ་བཞིན། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༤ ཉིན་གྱི་སྔ་དྲོའི་ཚོུད་ ༩༌༣༠ ཐོག་རཇ་སྤུར་བོད་སློབ་གི་རྒན་བློ་བཟང་ལགས་དང་འཛིན་རིམ་བརྒྱད་པའི་སློབ་མ་གྲངས་ ༤༠ ལ་ཤེས་ཡོན་དང་འབྲེལ་བའི་ས་གནས་བོད་མིའི་ཁྲིམས་ཞིབ་ཁང་དུ་ལྟ་སྐོར་ཆེད་བཅར་བཞུགས་གནང་འདུག
སྐབས་དེར་སྐོར་སྐྱོད་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ནས་སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་ངོ་སྤྲོད་གནང་འདུག་པ་དང་། དེ་བཞིན་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཆོས་སྐྱིད་ལགས་ནས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གོང་འོག་རྣམས་ཀྱི་ངོ་སྤྲོད་དང་། ས་གནས་ཀྱི་གཏུག་བཤེར་ཁང་ངོ་སྤྲོད་མཉམ་དུ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ངོ་སྤྲོད། དཔེ་མཚོན་དང་འབྲེལ་གཏུག་བཤེེར་གྱི་བྱ་རིམ་བཅས་ཀྱི་གོ་རྟོགས་སྤེལ། དེ་མཚུངས་སྐབས་མཚམས་སོ་སོར་དོགས་འདྲི་བྱུང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག །