༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས ༢༥ དང་ ༢༦ བཅས་ཉིན་གྲངས་གཉིས་རིང་ཕྱི་དྲིལ་ཞུ་གཏུག་ཚན་པས་ཝར་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་ཆེད་ཟབ་སྦྱོང་ཞིག་གནང་ཡོད།
དེ་ཡང་ཕྱི་དྲིལ་ཞུ་གཏུག་ཚན་པའི་ལས་བྱེད་བསྟན་འཛིན་ཀུན་མཁྱེན་ལགས་དང་རིན་ཆེན་ལགས་གཉིས་ནས་སློབ་ཕྲུག་གྲངས་ ༤༨ ཙམ་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད་ལ། ལས་གཞི་འདི་ནི་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ཀྱི་གཞོན་སྐྱེས་རྣམས་ལ་བོད་རྒྱའི་དཀའ་རྙོག་སེལ་བའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་བྱ་རྒྱུའི་འབད་བརྩོན་ཞིག་ཡིན་པ་བཅས།།