༄༅། །འདི་གར་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༥ དང་ ༢༦ བཅས་ཉིན་གཉིས་རིང་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤྲོད་དཔང་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དབུ་ཞུགས་ཐོག་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ཟུར་པ་ལྷག་པ་སྒྲོལ་མ་ལགས་དང་། ས་གནས་འགོ་འཛིན་གསར་པ་བསྟན་འཛིན་ཟླ་སྒྲོན་ལགས་གཉིས་དབར་རྩིས་སྤྲོད་རྩིས་ལེན་ཞུས་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༥ ཉིན་གྱི་སྔ་དྲོ་ས་གནས་འགོ་འཛིན་གྱི་བདག་དབང་འོག་ཡོད་པའི་ཡིག་འཕེལ་དང་ཅ་དངོས་ཁག་རྩིས་སྤྲོད་རྩིས་ལེན་ཞུས་པ་དང་། ཉིན་རྒྱབ་མོན་གྷོ་ས་གནས་ཀྱི་འབྲེལ་ཡོད་རྒྱ་གར་ལས་ཁུངས་ཁག་གི་དཔོན་རིགས་ངོ་སྤྲོད་ཞུས།
ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ས་གནས་ཀྱི་གནད་ཡོད་མི་སྣ་ཚང་འཛོམས་ཐོག་ཞབས་སྟེགས་བརྗེ་ལེན་གྱི་མཛད་སྒོ་ཚོགས་གྲུབ་རྗེས་ཆུ་ཚོད་ ༡༠།༣༠ ཐོག་མི་མང་འདུ་འཛོམས་ཐོག་ས་གནས་འགོ་འཛིན་ཟུར་པའི་ལས་ཡུན་རིང་ལས་དོན་ཁག་དང་འབྲེལ་གསུང་བཤད་དང་། ས་གནས་འགོ་འཛིན་གསར་པའི་འཚམས་འདྲི་དང་ངོ་སྤྲོད་གསུང་བཤད། དེ་བཞིན་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤྲོད་དཔང་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ནས་གཟིགས་ཚུལ་དང་འབྲེལ་གསུང་བཤད་གནང་ཡོད་པ་བཅས། །