༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༧ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་ས་ཐེག་
མོན་གྱི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་༧གོང་ས་མཆོག་བོད་ལུགས་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་སྲུང་བརྩིའི་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བ།
དེ་རིང་དུས་ཚོད་རྐྱེན་པས་ང་ཚོ་གཏམ་བཤད་རིང་པོ་བྱེད་རྒྱུའི་གོ་སྐབས་མེད་པར་བརྟེན་སྙིང་བསྡུས་ཤིག་ཞུ་རྒྱུར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་ལོ་ ༩༠ ལ་ཕེབས་ཡོད། ལོ་རྗེས་མར་ཕྱི་ལུགས་ལྟར་དགུང་ལོ་ ༩༠ ལ་ཕེབས་ཀྱི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་འཇུག་པ་ཡོངས་ནས་དུས་རྒྱུན་དུ་༸གོང་ས་མཆོག་ནས་བཀའ་གང་གནང་བཞིན་ཡོད་པར་ཐུགས་སྣང་གནང་སྟེ་ཉམས་ལེན་བྱེད་དགོས་པ་གལ་ཆེན་པོ་རེད། དེ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རེད་མ་གཏོགས། ༧གོང་ས་མཆོག་ལ་སྐྱབས་སུ་མཆི་ཟེར་ནས་ལས་ཀ་གོ་ལོག་བྱས་བསྡད་ཚེ་ཏག་ཏག་བསྡད་ཀྱི་མེད་པ་རེད། དེ་དོན་དག་གཙོ་བོ་ཆགས་ཡོད། ཅེས་གསུངས།
གསར་གནས།
འབྲེལ་གནས།