![](https://bod.jalus.net/wp-content/uploads/2024/09/thumbnail_WhatsApp-Image-2024-09-16-at-11.39.58-AM.jpg)
དེ་ཡང་ཟབ་སྦྱོང་འདིའི་ནང་བརྟག་དཔྱད་ཁང་གི་ལག་རྩལ་ཡར་རྒྱས་གཏང་རྒྱུ་དང་། སློབ་ཕྲུག་ཚོར་ཚན་རིག་གི་བསམ་བློ་འཇགས་ཐབས། བརྟག་དཔྱད་ཁང་སྟངས་འཛིན་དང་ཡོ་བྱད་བེད་སྤྱོད་གཏོང་ཕྱོགས། བདེ་འཇགས་ལམ་སྟོན་བཅས་ཀྱི་སྐོར་ལ་གཙོ་བོར་དམིགས་ནས་སྤེལ་ཡོད་ཅིང་། འཛིན་རིམ་བཅུ་པ་ནས་བཅུ་གཉིས་བར་གྱི་སློབ་གྲྭ་ ༢༢ ཙམ་གྱི་དགེ་རྒན་དང་ཚན་རིག་བརྟག་དཔྱད་ཁང་གི་དོ་དམ་པ་བཅས་མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་ (CSIR-IHBT) ངེས་སྟོན་པ་ (Dr. Sudesh Kumar Yadav) ལགས་དང་གོ་པལ་པུར་བོད་ཁྱིམ་གྱི་སློབ་སྤྱི་ཀརྨ་ཤེས་རབ་ལགས་རྣམ་གཉིས་ཆེད་བཅར་ཐོག་གསུང་བཤད་གནང་ཡོད།
ལས་གཞི་འདི་ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་འོག་སྤེལ་བཞིན་འདུག