༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་བསྐྱངས་ཏེ་མི་ལོ་ ༦༤ འཁོར་བའི་གཞུང་འབྲེལ་དུས་ཆེན་སྲུང་བརྩིའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དབུས་རང་ཁོངས་ལས་བྱེད་ཞབས་ལོ་ ༢༥ ཡན་རྣམས་ལ་ལེགས་གསོའི་ཕྱག་འཁྱེར་གནང་བ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།
༡། བསོད་ནམས་ཆོས་སྒྲོན་ལགས་ནི། བསོད་ནམས་ཆོས་སྒྲོན་ཐོག་མ་བོད་མིའི་མཉམ་འབྲེལ་ཁག་ཟླ་བསྒྲིལ་གནང་བའི་ཁོངས་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་ (Hotel Tibet) དུ་ཕྱི་ལོ་ ༡༩༩༨ ཟླ་བ་ ༢ ཚེས་ ༡ ཉིན་ཚོད་ལྟའི་ངོ་བོར་འཛུལ་ཞུགས་བྱས་ཏེ། ཕྱི་ལོ་ ༡༩༩༩ ཟླ་བ་ ༥ ཚེས་ ༡ ཉིན་དངུལ་གཉེར་གྱི་ལས་གནས་ཐོག་ལས་ངོར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༡ ཟླ་བ་ ༢ ཚེས་ ༡༥ ཉིན་དཔལ་འབྱོར་ཚོང་ལས་སྡེ་ཚན་ (Charitable Trust Handicraft Emporium, CTHE) ལྡི་ལི་ལཇ་པཊ་ན་གར་གནས་སྤོས་ཀྱིས་འགྲེམ་ཚོང་ཁང་གི་ཅ་དངོས་འཚོང་མཁན་ (Emporium Sales Girl) གྱི་ལས་འགན་བཀོད་སྒྲིག་གནང་། དེའི་རྗེས་ཕྱི་ལོ་ ༢༠༠༣ ཟླ་བ་ ༧ ཚེས་ ༡ ཉིན་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས་གནང་བ་དང་ལས་དྲུང་གི་གནས་རིམ་ཐོག་དངུལ་གཉེར་དང་དཔྱ་ཁྲལ་ལག་དེབ་ཀྱི་ལས་འགན་ཞུས། ཕྱི་ལོ་ ༢༠༡༠ ཟླ་བ་ ༨ ཚེས་ ༢ ཉིན་ལས་ཁུངས་དོ་དམ་པའི་གནས་རིམ་ཐོག་གནས་སྤར་གནང་བ་དང༌། ཕྱི་ལོ་ ༢༠༡༤ ཟླ་བ་ ༦ ཚེས་ ༦ ཉིན་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས་གནང་བའི་ཐོག་ལས་བྱེད་དང་ཉམ་ཐག་སྨན་གྲོན་གྱི་འབྲེལ་ལས་ཞུས། ཕྱི་ལོ་ ༢༠༡༨ ཟླ་བ་ ༨ ཚེས་ ༡ ཉིན་སྡེ་འགན་གནས་རིམ་ཐོག་གནས་སྤར་གནང་བའི་ཐོག་སྣེ་ལེན་པའི་ལས་འགན་དང་། ད་ལྟའི་ཆར་འཕྲོད་བསྟེན་ལྷོ་དབུས་ཚན་པའི་འབྲེལ་ལས་ཀྱི་འགན་ཁུར་ཞུ་མུས་བཅས་ཀྱི་ད་བར་མི་ལོ་ ༢༥ རིང་ཞབས་འདེགས་བསྒྲུབས་ཡོད།
༢། ལས་བྱ་ཡིག་གད་སུརྡར་ཤན་ཀུ་མར་ (Sudarshan Kumar) ལགས་ནི། ཕྱི་ལོ་ ༡༩༩༩ ཟླ་བ་ ༥ ཚེས་ ༡ ཉིན་དྷ་ཤོད་དཔལ་འབྱོར་ལག་ཤེས་བཟོ་གྲྭའི་ལས་བྱེད་དུ་ལས་འགན་ཞུས་ཡོད་པ་དང༌། བོད་མིའི་མཉམ་འབྲེལ་ཁག་ཟླ་བསྒྲིལ་གནང་བའི་རྗེས་ཕྱི་ལོ་ ༢༠༠༢ ཟླ་བ་ ༡༡ ཚེས་ ༡ ཉིན་འཕྲོད་བསྟེན་ལས་ཁུངས་ཀྱི་མེ་ཏོག་སོགས་ལ་བལྟ་རྟོགས་བྱེད་མཁན་རང་ཁུངས་ལས་བྱེད་ལ་བསྐོ་གཞག་གནང་། དེ་རྗེས་ཕྱི་ལོ་ ༢༠༡༤ ཟླ་བ་ ༨ ཚེས་ ༡༡ ཉིན་ནས་བཟུང་ད་བར་ལས་བྱ་ཡིག་གད་ཀྱི་ལས་འགན་ཞུ་མུས་བཅས་ཀྱི་ད་བར་མི་ལོ་ ༢༥ རིང་ཞབས་འདེགས་བསྒྲུབས་ཡོད།
༣། ཐུབ་བསྟན་ཆོས་སྒྲོན་ལགས་ནི། ཕྱི་ལོ་ ༡༩༩༨ ཟླ་བ་ ༡༢ ཚེས་ ༩ ཉིན་ཐོག་མར་ཟླ་དྲུག་རིང་ཚོད་བལྟའི་ངོ་བོར་ནང་སྲིད་ས་ཁང་དོ་དམ་ལས་ཁུངས་ཀྱི་རྩིས་དྲུང་དང་དངུལ་གཉེར་ལྕོགས་ཀྱིས་ལས་དོན་ཐོག་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༩ ཟླ་བ་ ༦ ཚེས་ ༩ ཉིན་གཞོན་དྲུང་གི་ཚད་མཉམ་གནས་རིམ་ཐོག་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༢ ཟླ་བ་ ༨ ཚེས་༡ ཉིན་ནང་སྲིད་ས་ཁང་བདག་གཉེར་ཁང་གི་རྩིས་པའི་ལས་འགན་ཐོག་ནང་སྲིད་ལས་ཁུངས་ཀྱི་དངུལ་གཉེར་ལས་འགན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༩ ཟླ་བ་ ༤ ཚེས་ ༡ ཉིན་རྒན་དྲུང་གི་ཚད་མཉམ་གནས་རིམ་ཐོག་གནས་སྤར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༤ ཟླ་བ་ ༡༡ ཚེས་ ༢༤ ཉིན་ནང་སྲིད་ལས་ཁུངས་ཀྱི་སྣེ་ལེན་པའི་ལས་འགན་ཐོག་བསྐོ་སྒྲིག ཕྱི་ལོ་ ༢༠༡༦ ཟླ་བ་ ༧ ཚེས་ ༢༢ ཉིན་ལས་དྲུང་ཚད་མཉམ་གནས་རིམ་ཐོག་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༨ ཟླ་བ་ ༤ ཚེས་ ༡༩ ཉིན་ནང་སྲིད་ལས་ཁུངས་ཀྱི་སྣེ་ལེན་པའི་ལས་འགན་ཐོག་ནང་སྲིད་འཛིན་གཞིས་ཚན་པའི་ཡིག་ཚགས་གྱི་ལས་འགན་གཅིག་ལྕོགས་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༢༡ ཟླ་བ་ ༣ ཚེས་ ༡ ཉིན་ནང་སྲིད་འཛིན་གཞིས་ཚན་པའི་ལས་དྲུང་དུ་བྱང་ཤར་ས་གནས་འགོ་འཛིན་ལས་ཁུངས་ཁག་བཅུའི་འབྲེལ་མཐུད་པའི་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༢༡ ཟླ་བ་ ༡༢ ཚེས་ ༡༧ ཉིན་ནང་སྲིད་ནང་ཞིབ་ཚན་པའི་ལས་དྲུང་དུ་ནང་ཁུལ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༢༢ ཟླ་བ་ ༤ ཚེས་ ༡༥ ཉིན་ནང་སྲིད་འཛིན་གཞིས་ཚན་པའི་ལས་དྲུང་དུ་ནང་ཁུལ་བཀོད་སྒྲིག ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༡༣ ཉིན་ནང་སྲིད་བཀའ་བློན་དང་དྲུང་ཆེའི་སྒེར་དྲུང་དང་ནང་སྲིད་འཛིན་སྐྱོང་ལས་དོན་ཐོག་རམ་འདེགས་ཞུ་དགོས་ཀྱིས་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༢༣ ཟླ་བ་ ༨ ཚེས་ ༡༨ ཉིན་ལས་དོ་ཚད་མཉམ་གནས་རིམ་དུ་གནས་སྤར་བསྐོ་གཞག་གིས་ལས་འགན་རང་འཇགས་ཐོག་ད་བར་སོ་སོའི་འགན་འཁྲི་ལས་འགན་མཐའ་དག་ཞབས་སྤྱི་ཧུར་ཐག་ཞུ་མུས་ཡིན་པས་ལོ་རྒྱུས་སྙིང་བསྡུས་སུ།
༤། ཀརྨ་འཕྲིན་ལས་ལགས་ནི། ཕྱི་ལོ་ ༡༩༩༧ ཟླ་བ་ ༡༡ ཚེས་ ༠༡ ནས་ཕྱི་དྲིལ་ལས་ཁུངས་ཀྱི་ཚོད་ལྟའི་སྡེ་འགན་ཐོག་རྩིས་པར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༠ ཟླ་བ་ ༠༤ ཚེས་ ༠༢ ནས་དྲུང་ལས་གནས་རིམ་ཚད་མཉམ་དུ་གནས་སྤར་དང་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༤ ཟླ་བ་ ༠༩ ཚེས་ ༠༡ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ལས་སུ་གནས་སྤོས་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༧ ཟླ་བ་ ༠༨ ཚེས་ ༠༡ ནས་ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ལས་སུ་གནས་སྤོས་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༧ ཟླ་བ་ ༠༨ ཚེས་ ༡༦ ནས་དྲུང་གཞོན་གནས་རིམ་དུ་ཚད་མཉམ་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༡༩ ཟླ་བ་ ༠༡ ཚེས་ ༢༣ ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་གཞོན་དུ་གནས་སྤོས་ལས་འགན་བཀོད་སྒྲིག་གནང་སྟེ་ཕྱག་ལས་གནང་དང་གནང་མུས་ཡིན།