༄༅། །འདི་གར་བལ་ཡུལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢ རེས་གཟའ་ཟླ་བའི་ཉིན་འདི་ག་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཀཋ་མན་གྲུ་ཁུལ་ཀྱི་སྐུ་ཚབ་དོན་གཅོད་དང་། བལ་དོན་དྲུང་ཆེའི་གཙོས་ས་གནས་འགོ་འཛིན་ལས་ཁུངས་ཁག་གསུམ་གྱི་ཁྱབ་ཁུངས་སུ་གཏོགས་པའི་ས་གནས་འཐུས་ཚོགས་ཁག་གི་ཚོགས་གཙོ་ཚོགས་གཞོན་དང་། ས་གནས་འགོ་འཛིན་རྣམ་པ། དེ་བཞིན་བལ་ཡུལ་གངས་ཅན་བདེ་རྩའི་འགན་འཛིན་དྲུང་ཆེ་དང་འཛིན་སྐྱོང་པ། བལ་ཡུལ་ཡན་ལག་ཤེས་དཔར་འགན་འཛིན། གཞན་ཡང་རང་བདེན་ཚོགས་ཆུང་ཁག་གི་ཚོགས་གཙོ་ཁག་དང་སློབ་གྲྭ་ཁག་གི་དབུ་འཛིན་དགེ་ཆེ་སོགས་འབྲེལ་ཡོད་སྡེ་ཚན་ཁག་མཉམ་འཛོམས་ཀྱི་བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཡ་གྱལ་གནས་ཆེན་སྟག་མོ་ལུས་སྦྱིན་མཆོད་རྟེན་གྱི་སྐུ་མདུན་དུ་བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་དབུ་བརྙེས་ཏེ་ལོ་ངོ་ ༦༤ འཁོར་བའི་དུས་ཆེན་དེ་ཉིད་གལ་ཆེར་བཟུང་སྟེ་ཡུལ་དུས་གནས་བབ་ལ་ཞིག་པས་རྟེན་འབྱུང་སརྒ་མི་འཆོལ་བའི་ཆེད་སྟབས་བདེའི་ངང་ནས་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་དང་འབྲེལ་ཆོས་ཕྱོགས་ནས་བོད་བསྟན་སྲིད་སྤྱི་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་༸ཞབས་རིམས་བསངས་གསོལ་གསེར་སྐྱེམས་ཕུད་མཆོད་དང་རླུང་བསྐྱེད་སོགས་ལེགས་བསྒྲུབས་ཞུས།།
གསར་གནས།
འབྲེལ་གནས།