༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནས་མདའ་དཔོན་ཟླ་བ་ཚེ་རིང་ལགས་སུ་དགོང་མོའི་གསོལ་སྟོན་འདེགས་འབུལ་ཞུས་ཡོད།
སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་བཅས་ལྷན་ཞུགས་གནང་ཡོད། དེ་བཞིན་ཕྱི་ཚེས་ ༢༥ ཉིན་མདའ་དཔོན་ཟླ་བ་ཚེ་རིང་ལགས་ནས་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་མཇལ་མོལ་གནང་ཡོད་པ་བཅས།།