༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སིར་མོར་རྫོང་ཁོངས་དང་། ཨུ་ཏར་ཁནྚ་མངའ་ཁུལ་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད་པ་ལྟར། དེ་རིང་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༢༤ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཡོད།
སྐབས་དེར་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཤེས་རབ་རྒྱ་མཚོ་ལགས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ཞ་ལུ་དགོན་གྱི་ཕྱག་མཛོད། ས་གནས་གཞོན་ནུ། ས་གནས་བུད་མེད་ལྷན་ཚོགས། སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱི། བཟོ་ཚོགས་ཀྱི་སྐུ་ཚབ། བརྒྱ་དཔོན། དེ་བཞིན་ས་གནས་བོད་མི་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་བཅས། །