༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩་༡༥ ཐོག་ཀུ་ལུ་མ་ན་ལི་ས་གནས་ཀྱི་ས་འཐུས་སྐབས་ ༡༠ པའི་ཚོགས་མི་གསར་འདེམས་གྲངས་ ༡༡ ཆ་ཚང་ནས་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཆོས་སྐྱིད་ལགས་ཀྱི་མདུན་དུ་ལས་འཁུར་དམ་འབུལ་ཞུས་ཡོད་པ་དང་། དེ་དག་གི་ཁོངས་ནས་ཚོགས་གཙོར་བསྟན་འཛིན་མི་ཕམ་ལགས་དང་ཚོགས་གཞོན་དུ་བསྟན་འཛིན་ཐོགས་མེད་ལགས་གཉིས་བདམས་ཐོན་གྱིས་ཚོགས་གཙོ་ཚོགས་གཞོན་གྱི་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུགས་འཐུས་དམ་འབུལ་གྱི་མཛད་སྒོ་དང་བསྟུན། གོང་ཚེས་ཉིན་སྔ་དྲོའི་ཚོུད་ ༡༡༌༤༠ ཐོག་ས་གནས་མི་མང་གི་ཚོགས་ཁང་ནང་ས་གནས་འགོ་འཛིན་གཙོས་པའི་ས་འཐུས་གསར་རྙིང་གཉིས་ཀྱི་འཐུས་མི་རྣམ་པ་དང་། ས་གནས་མི་མང་གྲངས་ ༤༥ བཅས་ཚང་འཛོམས་ཀྱིས་ས་གནས་ཁྲིམས་ཞིབ་པས་བཙན་བྱོལ་བོད་མིའི་མང་གཙོའི་ངོ་སྤྲོད་དང་འཕེལ་རིམ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་རིམ་པ་རྣམས་ཀྱི་ངོ་སྤྲོད། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་བཅས་ཀྱི་ཐོག་གོ་རྟོགས་སྤེལ་ཐུབ་པ་བྱུང་འདུག་པའི་གནས་ཚུལ་སྙིང་བསྡུས་སུ། །
གསར་གནས།
འབྲེལ་གནས།