༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༨ ཚེས་ ༧ ཉིན་ཧར་པ་པུར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་སེ་ལ་ཀུའི་བོད་ཁྱིམ་བཟོ་རིག་སྒྱུ་རྩལ་སློབ་གཉེར་བསྟི་གནས་ཁང་དུ་ཨ་མྲ་དང་། བལ་པོའི་སེའུ། སྐྱུར་འབྲས་སོགས་ཤིང་སྣ་གྲངས་ ༡༡༣ འདེབས་འཛུགས་གནང་ཡོད།
ལས་གཞི་དེ་བཞིན་བོད་མི་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་དུས་ཆེན་དང་བསྟུན་ནས་ཁོང་གི་ཐུགས་རྗེ་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཡིན་པ་མ་ཟད། ལས་གཞི་འདི་བརྒྱུད་མི་མང་ལ་གནམ་གཤིས་འགྱུར་ལྡོག་སྐོར་གོ་རྟོགས་དང་། ཤིང་སྣ་གང་མང་གདབ་རྒྱུའི་འབོད་སྐུལ་ཞུས་ཡོད་པ་བཅས།།