༄༅། །སི་པན་གནས་སྡོད་བོད་མི་རྣམས་ནས་ཉེ་ལམ་ཨ་རི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ལེགས་འབུལ་དང་སྦྲགས། དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་འདུ་འཛོམས་ཐོག་སི་པན་བོད་རིགས་ཚོགས་པའི་ཚོགས་གཙོ་མིག་དམར་ཚེ་རིང་ལགས་ཀྱིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་ནང་དོན་དང་། བོད་དོན་བདེན་མཐའ་སེལ་ཐབས་ལ་དེའི་གལ་གནད་ཇི་ཡོད་སོགས་ཀྱི་སྐོར་གསུང་བཤད་དང་། དེ་ནས་ཚོགས་ཞུགས་པ་རྣམས་ནས་༸རྒྱལ་བའི་ཞབས་བརྟན་གསུང་འདོན་དང་འབྲེལ། སྤྲོ་སྐྱིད་དབུ་འཛུགས་ཀྱིས་བཀྲ་ཤིས་རྟེན་འབྲེལ་མཚོན་ཆེད་སྒོར་གཞས་འཁྲབ་སྟོན་དང་། རྩེད་རིགས་ལ་མཉམ་རོལ་གནང་ཡོད།
སྤྱིར་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་ཇོ་བྷའི་ཊེན་མཆོག་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་ལ་མཚན་རྟགས་བསྐྱོན་ཏེ། ཁྲིམས་འཆར་དེ་ཉིད་ཨ་རིའི་ཁྲིམས་སུ་བཅས་ཡོད་པ་དང་། དེ་སྔོན་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་སྤྱི་མོས་ཀྱི་ཐོག་གཏན་འབེབས་གནང་ཡོད་པ་བཅས།།