༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོ གས་ཀྱི་གོ་སྒྲིག་འོག་རྒྱ་གར་ལྷོ ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ གཞིས་ཆགས་སུ་ཕྱི་ཚེས་ ༢༢ ནས་ ༢༦ བར་ཉིན་གྲངས་ལྔའི་རིང་གི་ས་གནས་ འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟ ན་སླད་ལས་དོན་བྱེད་ཕྱོགས་ཀྱི་ ཟབ་སྦྱོང་དངོས་སུ་དབུ་འཛུགས་ གནང་ཡོད་པ་རེད།
ཐེངས་འདིའི་ཟབ་སྦྱོང་ནང་མོན་གྷོ་ འདོད་རྒུ་གླིང་གི་ས་གནས་འཐུས་ཚོ གས་ཀྱི་འཐུས་མི་ ༡༠ དང་། ས་གནས་འགོ་འཛིན་ ༡། ས་གནས་རང་བདེན་ཚོགས་ཆུང་གི་ཚོ གས་མི་ ༥། བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༡༦ མཉམ་ཞུགས་གནང་ཡོད་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ ཆུ་ཚོད་ ༩།༡༥ ཐོག་ཟབ་ཁྲིད་གནང་མཁན་བོད་མི་མང་ སྤྱི་འཐུས་དགེ་བཤེས་སྨོན་ལམ་ མཐར་ཕྱིན་ལགས་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ ལགས་རྣམ་གཉིས་དང་། དེ་བཞིན་ཚོགས་བཅར་བ་རྣམས་ཚོགས་ ཁང་ནང་ལྷན་འཛོམས་ཀྱིས་ཚོགས་འདུ་ དབུ་འཛུགས་གནང་ཞིང་། ཐོག་མར་མོན་གྷོ་ས་གནས་འགོ་འཛིན་ ལྷག་པ་སྒྲོལ་མ་ལགས་ཀྱིས་འཚམས་ འདྲིའི་གསུང་བཤད་དང་། དེ་རྗེས་ཟབ་ཁྲིད་གནང་མཁན་བོད་མི ་མང་སྤྱི་འཐུས་ཀུན་དགའ་བསོད་སྟོ བས་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་ བའི་གསུང་བཤད་གནང་དོན། ས་གནས་འཐུས་ཚོགས་ཁག་ནི་བཙན་བྱོ ལ་བོད་མིའི་སྒྲིག་འཛུགས་གལ་ཆེ་ ཞིག་ཡིན་པ་དང་། ད་བར་ས་གནས་འཐུས་ཚོགས་ཁག་ལ་བོད་ མི་མང་སྤྱི་འཐུས་ལྷན་ཚོགས་ནས་ ཟབ་སྦྱོང་ཐེངས་མང་གནང་ཡོད་སྐོར་ སོགས་ཀྱི་གསུང་བཤད་གནང་བ་དང་།
ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི ་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱི ན་ལགས་ཀྱིས་བཙན་བྱོལ་བོད་མིའི་ བཅའ་ཁྲིམས་ཐོག་མར་གཏན་འབེབས་ གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱ བས་མགོན་ཆེན་པོ་མཆོག་གི་བཀའ་དགོ ངས་བཞིན་ས་གནས་འཐུས་ཚོགས་ཁག་ཆེ ད་འཛུགས་དགོས་པ་གསལ་བ་ལྟར། ས་གནས་འཐུས་ཚོགས་ཆེད་འཛུགས་གནང་ བའི་སྐོར་དང་། མོན་གྷོ་ས་གནས་འཐུས་ཚོགས་དེ་བཞི ན་ཕྱི་ལོ་ ༡༩༩༢ ལོར་གསར་འཛུགས་གནང་བ་དང་། དེ་ནི་ས་གནས་འཐུས་ཚོགས་རྙིང་ཤོ ས་གྲས་ཤིག་ཡིན་སྐོར། ས་འཐུས་རྣམ་པས་ཉིན་ལྔའི་རིང་གི་ ཟབ་སྦྱོང་ཐོག་ལ་ཐུགས་ཁུར་ཆེ་བཞེ ས་གནང་དགོས་རྒྱུ་ཤིན་ཏུ་གལ་ཆེ་ ཡིན་སྐོར་སོགས་ཀྱི་གསུང་བཤད་ གནང་། མཐར་མོན་གྷོ་ས་འཐུས་ཚོགས་གཙོ་པདྨ ་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ ཞུའི་གསུང་བཤད་གནང་རྗེས། ཟབ་སྦྱོང་དངོས་གཞི་དབུ་འཛུགས་ གནང་ཡོད་འདུག
ཟབ་སྦྱོང་དངོས་གཞིའི་སྐབས། ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི ་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱི ན་ལགས་ཀྱིས་བོད་མི་མང་སྤྱི་འཐུ ས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་ གཞིའི་ཐོག་ཟབ་ཁྲིད་གནང་བ་དང་། དེ་བཞིན་ཚོགས་བཅར་བའི་དྲི་བར་ ལན་འདེབས་གསལ་བཤད་ཀྱང་གནང་ཡོད་ འདུག
ཟབ་སྦྱོང་ཉིན་གཉིས་པ་ཕྱི་ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་དགེ་ བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་ མུ་མཐུད་བོད་མི་མང་སྤྱི་འཐུས་ལྷ ན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུ གས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་ གཞི། བཙན་བྱོལ་བོད་མིིའི་གཞུང་དངུལ་ འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲི ག་གཞི། སྔོན་རྩིས་ཀྱི་རྩིས་འགོའི་ཐོག་ ཟབ་ཁྲིད་དང་། ཚོོགས་བཅར་བའི་དྲི་བར་ལན་འདེབས་ གསལ་བཤད་གནང་ཡོད་འདུག
དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་བ་ ༨ པའི་ཚེས་ ༢༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༡༥ ཡི་ཐོག་སྤྱི་འཐུས་དགེ་བཤེས་སྨོ ན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ ལགས་རྣམ་གཉིས་བླ་མ་མཉམ་འབྲེལ་ མགྲོན་ཁང་དཀར་པོ་རུ་ཕེབས་འབྱོར་ སྐབས། ས་འཐུས་ཚོགས་གཙོ་དང་། ས་གནས་རང་བདེན་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ། དེ་བཞིན་དགོན་སྡེ་ཁག་གི་སྤྱི་མི ་ཕྱག་མཛོད། སྡེ་ཚན་ཁག་གི་འགན་འཛིན། སམ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི ། གཞིས་སྤྱི་ལྷ་མོ་ཚོགས་པ། གཞོན་ནུ་བོད་མིའི་ཚོགས་གཙོ། དམག་ཟུར་སྐྱིད་སྡུག་གི་ཚོགས་གཙོ ། བླ་མ་བླ་སྤྱིའི་དྲུང་ཆེ་དང་འཕྲོ ད་བསྟེན་འགན་འཛིན་བཅས་ཀྱིས་སྣེ་ ལེན་གཟབ་རྒྱས་ཞུས་ཡོད་པ་བཅས། །