༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་དཔལ་ལྡན་ བོད་མི་མང་སྤྱི་འཐུས་ཚོགས་གཙོ་ མཁན་པོ་བསོད་ནམས་བསྟན་འཕེལ་མཆོ ག་གིས་སྣེ་ཁྲིད་པའི་བོད་མི་མང་ སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ ཚོགས་ཆུང་ཞིག་སྡེ་ཚན་གཉིས་ལ་ཆ་ བགོས་ཀྱིས་རྒྱལ་ས་ལྡི་ལིར་རྒྱ་ གར་དབུས་གཞུང་གི་བློན་ཆེན་གཉིས་ དང་། སྲིད་དོན་ཚོགས་པ་ཁག་མི་འདྲ་བ་ བདུན་གྱི་གྲོས་ཚོགས་གོང་འོག་གཉི ས་ཀྱི་འཐུས་མི་ ༡༧ དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ གཙོ་དང་ཚོགས་མི། གྲོས་ཚོགས་འཐུས་མི་ཟུར་པ་དང་ མངའ་སྡེའི་འཐུས་མི་ཟུར་པ། རྒྱལ་ཡོངས་དྲུང་ཆེ་དང་མགྲིན་ཚབ་ པ་སོགས་ཁྱོན་རྒྱ་གར་གྱི་ཆབ་སྲི ད་དབུ་ཁྲིད་མི་སྣ་ ༣༠ དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ ལྟའི་ཛ་དྲག་གནས་སྟངས་ཁག་ངོ་སྤྲོ ད་ཀྱིས་བོད་དོན་ཞུ་སྐུལ་རྒྱ་ཆེ་ གནང་ཡོད་པ་རེད།
ཕྱི་ཟླ་ ༨ པའི་ཚེས་ ༧ ཉིན་དགོང་དྲོ་ཆུ་ཚོད་ ༧ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷ ན་ཚོགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཐུ ན་མོང་གི་གོ་སྒྲིག་འོག་ལྡི་ལི་ ཨ་ཤོ་ཀ་ (The Ashok hotel) གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ ཚོགས་འཐུས་མི་དང་། གྲོས་ཚོགས་འཐུས་མི་ཟུར་པ་གཅིག མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུ ར་པ་གཅིག་བཅས་ཁྱོན་རྒྱ་གར་གྱི་ ཆབ་སྲིད་མི་སྣ་ ༡༥ དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོ གས་གཙོ་མཁན་པོ་བསོད་ནམས་བསྟན་ འཕེལ་མཆོག་གིས་གཙོས་པའི་བོད་དོ ན་ཞུ་སྐུལ་ཚོགས་ཆུང་གི་ཚོགས་མི་ སྤྱི་འཐུས་རྣམ་པ། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་ མེད་འབྱུང་གནས་ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་ འགན་འཛིན་བཀྲ་ཤིས་བདེ་སྐྱིད་ ལགས་དང་ལས་བྱེད་བཅས་ལྷན་འཛོམས་ ཐོག རྒྱ་གར་གྲོས་ཚོགས་འཐུས་མིའི་བོ ད་དོན་རྒྱབ་སྐྱོར་ཚོགས་པ་དངོས་ སུ་སླར་གསོ་གནང་བ་དང་སྦྲགས། ཨོ་རི་ས་མངའ་སྡེ་ནས་ཡིན་པ་བྷི་ ཇེ་པི་སྲིད་དོན་ཚོགས་པའི་རྒྱ་ གར་གྲོས་ཚོགས་འོག་མའི་འཐུས་མི་ སྐུ་ཞབས་བྷར་ཊ་རུ་ཧ་ནི་ མཱ་ཊབ་ (Shri Bhartruhari Mahtab, MP Lok Sabha, BJP, Orissa) མཆོག་རྒྱ་གར་གྲོས་ཚོགས་འཐུས་མི འི་བོད་དོན་རྒྱབ་སྐྱོར་ཚོགས་པའི ་ (All Party Indian Parliamentary Forum for Tibet (APIPFT)) ཚོགས་གཙོར་བསྐོ་གཞག་དང་། ཨ་རུ་ནལ་ཅལ་མངའ་སྡེ་ནས་ཡིན་པ་རྒྱ ་གར་གྲོས་ཚོགས་འོག་མའི་འཐུས་མི་ སྐུ་ཞབས་ཊ་པིར་ གྷའོ་ (Shri Tapir Gao, MP Lok Sabha) མཆོག་ཚོགས་པའི་ཚོགས་གཞོན་ (Co-Convener of the APIPFT) བཅས་ལ་བསྐོ་གཞག་གནང་བའི་སྐོར་ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོ གས་གཙོ་མཁན་པོ་བསོད་ནམས་བསྟན་ འཕེལ་མཆོག་གིས་གསལ་བསྒྲགས་གནང་ བ་དང་།
དེ་རྗེས་གསར་དུ་བསྐོ་གཞག་བྱུང་ བའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ བྷར་ཊ་རུ་ཧ་རི་མཱ་ཊབ་མཆོག་ལ་ མཚམས་འདྲི་དང་། ཚོགས་གཞོན་སྐུ་ཞབས་ཊ་པིར་གྷའོ་ མཆོག་ལ་འཚམས་འདྲིའི་མཇལ་དར་དང་། ལས་འཁྱུར་ཚོགས་གཙོ་སྐུ་ཞབས་སུ་ ཇིཏ་ཀུ་མར་ (Shri Sujeet Kumar, former Covenor of APIPFT) མཆོག་ལ་དགའ་སྐྱེལ་མཇལ་དར་དང་། སྟོན་པའི་སྐུ་འདྲ་ཞིག་ཕྱག་རྟགས་ སུ་ཕུལ་རྗེས།
དཔལ་ལྡན་ཚོགས་གཙོ་མཆོག་གིས་ འཕགས་བོད་གཉིས་དབར་གྱི་འབྲེལ་ བའི་སྐོར་དང་། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲི ན། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་ སྐྱོར་ཚོགས་པའི་བྱུང་རིམ་སྐོར་ དང་། རྒྱལ་སྤྱིའི་ནང་བོད་དོན་དང་འབྲེ ལ་བའི་གནས་བབ་བཅས་ཀྱི་ཐོག་གསུང་ བཤད་དང་། དེ་རྗེས་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri Sujeeth Kumar) མཆོག་གིས་འདས་པའི་ལོ་གསུམ་རིང་ རྒྱ་གར་གྲོས་ཚོགས་འཐུས་མིའི་བོ ད་དོན་རྒྱབ་སྐྱོར་ཚོགས་པའི་ཚོ གས་གཙོའི་ཐུགས་འགན་བཞེས་རྒྱུ་བྱུ ང་བར་དགའ་སྤོབས་ཆེན་པོ་བྱུང་སྐོ ར་དང་། ཨུ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློ ན་ཆེན་ཟུར་པ་སྐུ་ཞབས་བྷི་ཇུ་པ་ ཊ་ན་ཡག་ (Biju Patnaik) ལགས་ཀྱིས་མངའ་སྡེའི་ནང་བོད་མི་ རྣམས་ཐོག་མར་བཙན་བྱོལ་ལ་འབྱོར་ སྐབས་འདུ་སྡོད་ཀྱི་མཐུན་རྐྱེན་ ཇི་ལྟར་བསྐྲུན་པའི་སྐོར་སོགས་ཨུ ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ ཆེན་ཟུར་པ་མཆོག་དང་། བོད་མིའི་དབར་གྱི་འབྲེལ་བའི་སྐོ ར། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ སྐུ་ཞབས་ཇོར་ཇི་ཕར་ནན་ཌེ་སི་མཆོ ག་གིས་རྒྱ་གར་གྱི་དགྲ་བོ་ངོ་མ་ ནི་རྒྱ་ནག་ཡིན་པ་ལས་པ་ཀི་སི་ཐན་ མིན་པ་གསུངས་པའི་སྐོར་དང་འབྲེལ་ ཏེ། འཕགས་བོད་ས་མཚམས་ལས་རྒྱ་དཀར་ནག་ གི་ས་མཚམས་ཟེར་བ་རྩ་བ་ནས་མེད་ པའི་སྐོར་སོགས་གསུངས་གནང་བ་དང་། གསར་དུ་བསྐོ་གཞག་བྱུང་བའི་ཚོགས་ གཞོན་རྒྱ་གར་གྲོས་ཚོགས་འོག་མའི་ འཐུས་མི་སྐུ་ཞབས་ཊ་པིར་ གྷའོ་ (Shri Tapir Gao, MP Lok Sabha) མཆོག་གིས་ཚོགས་གཙོ་མཆོག་ད་རེས་ ལས་བྲེལ་གྱིས་ཚོགས་འདུར་བཅར་མ་ ཐུབ་པའི་སྐོར་དང་། ཁོང་ནི་དུས་རྒྱུན་ནས་བོད་དོན་སྐོ ར་གླེང་སློང་ཤུགས་ཆེ་གནང་མཁན་ཞི ག་ཡིན་པ། ཧི་མ་ལ་ཡའི་རི་རྒྱུད་རྒྱ་གར་ མངའ་སྡེ་ཁག་དང་། བོད་དབར་ལོ་རྒྱུས་ཐོག་ཚོང་ལས་ དང་། རིག་གཞུང་། ས་མཚམས་ཀྱི་འབྲེལ་བ་ཡོད་པ་ལས། རྒྱ་དཀར་ནག་གི་ས་མཚམས་ཟེར་བ་རྩ་ བ་ནས་མེད་པ། བོད་འདི་ལོ་རྒྱུས་ཐོག་རང་བཙན་ གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་ ད་ལྟའི་ཆར་རྒྱའི་བཙན་འོག་ཏུ་ཡོ ད་པ། ད་ལྟའི་ཆར་བོད་དེ་རྒྱ་ནག་གི་ བཙན་བཟུང་འོག་ཡོད་པའི་རྒྱལ་ཁབ་ གཅིག་ལ་ངོས་འཛིན་ཞུ་རྒྱུ། བོད་མི་ཚོར་རྒྱལ་སྤྱིའི་ཁྲིམས་ ཐོག་ནས་རང་ཐག་རང་གཅོད་ཀྱི་ཐོབ་ ཐང་ཡོད་པ་བཅས་ལ་ངོས་འཛིན་དང་། བོད་ཀྱི་ཁོར་ཡུག་ཐོག་རང་དབང་ལྡ ན་པའི་ཆེད་ལས་ཀྱི་ཞིབ་འཇུག་དགོ ས་པ། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ འཕྲལ་མར་གློད་བཀྲོལ་དགོས་པ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སླ ད་གཉིས་སྨན་དབུ་མའི་ལམ་གྱི་སྲི ད་བྱུས་བརྒྱུད་གྲོས་མོལ་སླར་གསོ ་ཡོང་བར་རྒྱ་དམར་གཞུང་ལ་སྐུལ་ འདེད་གཏོང་རྒྱུ། རྒྱ་ནག་དམར་གཞུང་གི་གནས་ཚུལ་འཁྱོ ག་བཤད་ལ་གདོང་ལེན་བྱེད་དགོས་པ་ སོགས་ཀྱི་གནད་དོན་ཐོག་ཚང་མས་ནུ ས་པ་མཉམ་སྤུངས་གནང་དགོས་པ་སོགས་ ཀྱི་གསུང་བཤད་གནང་རྗེས། སྐུ་པར་ལྷན་སྒྲོན་གནང་ཡོད།
ལྷན་འཛོམས་ཐོག་ ༡) རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་ སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་ སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri Sujeeth Kumar, former Covenor of APIPFT) མཆོག་དང་། ༢) གསར་དུ་བསྐོ་གཞག་བྱུང་བའི་རྒྱ་ གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོ ར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ ཊ་པིར་ གྷའོ་ (Shri Tapir Gao, MP Lok Sabha) མཆོག ༣) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་ བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ ་གར་གྲོས་ཚོགས་འོག་མའི་འཐུས་མི་ སྐུ་ཞབས་མཱ་ནོ་ཇ་ ཊི་གྷ་ (Shri Manoj Tigga, MP Lok Sabha, BJP, West Bengal) མཆོག ༤) ཨ་སམ་མངའ་སྡེ་ནས་ཡིན་པ་བྷི་ཇེ་ པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོ ས་ཚོགས་འོག་མའི་འཐུས་མི་སྐུ་ ཞབས་ཨ་མར་སིངྒ་ ཊི་སོ་ (Shri Amarsing Tisso, MP Lok Sabha, BJP, Assam) མཆོག ༥) ཨ་སམ་མངའ་སྡེ་ནས་ཡིན་པ་མི་མང་ མཐུན་སྒྲིལ་གུ་ཡངས་སྲིད་དོན་ཚོ གས་པའི་རྒྱ་གར་གྲོས་ཚོགས་འོག་ མའི་འཐུས་མི་སྐུ་ཞབས་ཇོ་ཡན་ཊ་ བྷ་སུ་མཱ་ཊ་རེས་ (Shri Joyanta Basumatary, MP Lok Sabha, United People’s Party Liberal, Assam) མཆོག ༦) ན་གྷ་ལན་ཊི་མངའ་སྡེ་ནས་ཡིན་པ་བྷི ་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་ གར་གྲོས་ཚོགས་གོང་མའི་འཐུས་མི་ ལྕམ་སྐུ་ཨེ་སི་ ཕངྒ་ནོན་ (S. Phangnon Konyak, Rajya Sabha, BJP, Nagaland) མཆོག
༧) ཨ་སམ་མངའ་སྡེ་ནས་ཡིན་པ་ཨ་སོམ་ གྷ་ན་ པ་རི་ཤཏ་སྲིད་དོན་ཚོགས་པའི་རྒྱ་ གར་གྲོས་ཚོགས་གོང་མའི་འཐུས་མི་ སྐུ་ཞབས་བྷི་རན་དྷ་ར་ པར་སཏ་ བྷེ་ཤི་ཡ་ (Shri Birendra Prasad Baishya, Member of Rajya Sabha, Asom Gana Parishad, Assam) མཆོག ༨) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་ བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ ་གར་གྲོས་ཚོགས་འོག་མའི་འཐུས་མི་ སྐུ་ཞབས་ཇཱ་གཱ་ནཱ་ཏ་ སར་ཀར་ (Shri Jagannath Sarkar, MP Lok Sabha, BJP, West Bengal) མཆོག ༩) མ་ནི་པུར་མངའ་སྡེ་ནས་ཡིན་པ་ཀོང་ རེ་སི་སྲིད་དོན་ཚོགས་པའི་རྒྱ་ གར་གྲོས་ཚོགས་འོག་མའི་འཐུས་མི་ སློབ་དཔོན་གཞོན་པ་སྐུ་ཞབས་ཨན་གྷུ མ་ཆ་ བྷི་མོལ་ ཨ་ཀོའི་ཇེམ་ (Associate Professor Angomcha Bimol Akoijam, Lok Sabha MP, INC, Manipur) མཆོག ༡༠) འབྲས་ལྗོངས་མངའ་སྡེ་ནས་ཡིན་པ་ འབྲས་ལྗོངས་ཀ་རན་ཊིཀ་རི་ མོར་ཆ་སྲིད་དོན་ཚོགས་པའི་རྒྱ་ གར་གྲོས་ཚོགས་འོག་མའི་འཐུས་མི་ ཨིན་དྷར་ ཧང་ སུ་བྷ་ (Shri. Indra Hang Subba, Lok Sabha MP, Sikkim Krantikari Morcha, Sikkim) མཆོག
༡༡) ཨ་སམ་མངའ་སྡེ་ནས་ཡིན་པ་ཀོང་རེ་ སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོ ས་ཚོགས་འོག་མའི་འཐུས་མི་སྐུ་ ཞབས་པ་རཌ་ཡུཊི་ བྷོར་ཌོ་ལོའེ་ (Shri Pradyut bordoloi, Lok sabha MP INC, Assam) མཆོག ༡༢) ཨ་སམ་མངའ་སྡེ་ནས་ཡིན་པ་བྷི་ཇེ་ པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོ ས་ཚོགས་འོག་མའི་འཐུས་མི་སྐུ་ ཞབས་ཕ་ནི་ བྷུ་སན་ ཅའོ་དྷུ་རེ་(Shri Phani bhusan Choudhury, Lok Sabha MP) མཆོག ༡༣) ལ་དྭགས་དབུས་འཛིན་མངའ་ཁུལ་ནས་ཡི ན་པ་རྒྱ་གར་དབུས་གྲོས་ཚོགས་འོག་ མའི་འཐུས་མི་སྐུ་ཞབས་མོ་ཧ་མཏ་ ཧཱ་ནི་ཧྥ་ (Shri Mohammad Haneefa, Lok Sabha MP, Independent, Ladakh) མཆོག ༡༤) རྒྱ་གར་གྲོས་ཚོགས་འོག་མའི་འཐུས་ མི་ཟུར་པ་ལྕམ་སྐུ་མོ་ནེ་ཀ་གྷན་ དཱི་ (Smt. Maneka Gandhi, Member of the Lok Sabha) མཆོག ༡༥) ལྡི་ལི་མངའ་སྡེའི་གྲོས་ཚོགས་འཐུ ས་མི་ཟུར་པ་འབུམ་རམས་པ་པན་ཀཱཇཱ་ པུ་ཤི་ཀར་ (Dr. Pankaj Pushkar, Senior Fellow, Legislative Support Group,Rajiv Gandhi Foundation, and Former MLA, Delhi Legislative Assembly) མཆོག་བཅས་ཕེབས་གནང་ཡོད་པ་བཅས། །