༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༨ ཚེས་ ༡༣ ཉིན་ཧུན་སུར་རབ་རྒྱས་གླིང་གི་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤྲོད་དཔང་གནང་ཐོག ཀོ་ལོ་གྷལ་དོན་ལྡན་གླིང་གི་ལས་ཁྱུར་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་དང་། ས་འགོ་ལས་ཚབ་རིག་འཛིན་ཆོས་མཚོ་ལགས་བར་རྩིས་སྤྲོད་རྩིས་ལེན་གནང་ཡོད།
རྩིས་སྤྲོད་གྲུབ་མཚམས་ལས་ཁྱུར་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ནས་ས་གནས་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་བཅས།།