༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༡ ཉིན་བོན་གཞིས་ཌོ་ལན་ཇི་ས་གནས་འགོ་འཛིན་བསྟན་འཛིན་ཆོས་འཕེལ་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་བསྟན་འཛིན་གཙོ་མཆོག་ལགས་རྣམ་གཉིས་དབར་ལས་འགན་རྩིས་ལེན་རྩིས་སྤྲོད་གནང་ཡོད།
དེ་ཡང་རྩིས་ལེན་རྩིས་སྤྲོད་ཀྱི་ལས་དོན་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏུ་སིམ་སྤྱི་ཚེ་དབང་ཕུན་ཚོགས་ལགས་ཀྱིས་སྤྲོད་དཔང་གནང་བའི་ཐོག་ས་གནས་འགོ་འཛིན་གསར་རྙིང་དབར་ལས་ཁུངས་ཀྱི་ཡིག་སྣོད་སོགས་རྩིས་ལེན་རྩིས་སྤྲོད་གནང་རྗེས་ཞབས་སྟེགས་བརྗེ་ལེན་གནང་ཡོད་པ་བཅས། །