༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་མཁན་པོ་ འཇམ་དཔལ་བསྟན་འཛིན་ལགས་དང་། སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས། ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་ བསྟན་འཛིན་ཕུན་ཚོགས་ལགས་བཅས་ ལས་གྲུབ་པའི་བོད་མི་མང་སྤྱི་འཐུ ས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུ ང་ནས་ཨོསྟྲེ་ལི་ཡའི་ཝིག་ཊོ་ རི་ཡ་མངའ་སྡེའི་ནང་མུ་མཐུད་བོད་ དོན་ཞུ་སྐུལ་གྱི་ལས་རིམ་བསྐྱངས་ ཡོད།
དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༡༦ ཉིན་མེལ་བྷོན་ཁུལ་གྱི་བོད་རྒྱ་ མཛའ་འབྲེལ་ཚོགས་པས་ཕྱོགས་ཕེབས་ བོད་མི་མང་སྤྱི་འཐུས་རྣམ་པར་ཆེ་ བསྟོད་སླད་དགོང་དྲོའི་གསོལ་སྟོ ན་ཞིག་བཤམས་འདུག་ཅིང་། དེའི་སྐབས་བོད་རྒྱ་མང་ཚོགས་གཉི ས་ནི་རྒྱ་ནག་དམར་གཞུང་འོག་སྡུག་ སྦྱོང་མནར་གཅོད་མྱོང་མཁན་གཅིག་ པ་ཡིན་པའི་ཆ་ནས་ཕན་ཚུན་འཆམ་མཐུ ན་དང་དུས་ནས་དུས་སུ་མཉམ་འབྲེལ་ དགོས་རྒྱུ་གལ་ཆེ་ཡིན་སྐོར་སོགས་ ཀྱི་ཐོག་ཕན་ཚུན་བཀའ་བསྡུར་ལྷུག་ པོ་གནང་འདུག
ཕྱི་ཚེས་ ༡༧ ཉིན་སྤྱི་འཐུས་རྣམ་པ་བྷན་ཊི་གོ་ (Bendigo) ས་གནས་སུ་བྱམས་བརྩེའི་མཆོད་རྟེ ན་ཆེན་མོར་གནས་གཟིགས་ཕེབས་པ་དང་ ། སྐབས་དེར་དེ་གའི་དབུ་འཛིན་སྐུ་ ཞབས་ཨི་ཡན་ གྷི་རིན་ (Ian Green, Chair Man of the Great Stupa of Universal Compassion) མཆོག་གིས་བྱམས་བརྩེའི་མཆོད་རྟེ ན་གྱི་ལོ་རྒྱུས་དང་། དེ་བཞིན་རྟེན་གཙོ་རྣམས་ཀྱི་སྐོ ར་ལ་འགྲེལ་བཤད་གནང་འདུག
དགོང་དྲོ་ཝིག་ཊོ་རི་ཡ་ས་གནས་བོ ད་རིགས་མཐུན་ཚོགས་ནས་སྤྱི་འཐུས་ རྣམ་པར་དགོང་དྲོའི་གསོལ་སྟོན་ཞི ག་གོ་སྒྲིག་ཞུས་པའི་ཐོག བོད་དོན་རྒྱབ་སྐྱོར་བ་དང་། ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོ ང་མའི་འཐུས་མི་ཟུར་པ་ལྕམ་སྐུ་ཇེ ་ནི་ཊི་ རཡེ་སི་ (Janet Rice) མཆོག་དང་ལྷན་བོད་དོན་ཐོག་བཀའ་ བསྡུར་ལྷུག་པོ་བྱུང་འདུག
དེ་ཉིན་ལས་རིམ་སྐབས་ཨོ་གླིང་སྐུ ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ དང་། རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་ བཟང་མོ་ལགས། མེལ་བྷོན་ས་གནས་བོད་རིགས་མཐུན་ ཚོགས་ཀྱི་ཚོགས་གཙོ་བསམ་གྲུབ་ ལགས་དང་། ཚོགས་གཞོན་ཆོས་གྲགས་ལགས། མེལ་བྷོན་ས་གནས་དང་བླངས་བོད་དོ ན་ཞུ་གཏུག་ལས་འགུལ་བའི་འབྲེལ་ མཐུད་པ་བསྟན་འཛིན་ནོར་འཛིན་ལགས་ བཅས་མཉམ་བཅར་ཞུས་གནང་འདུག་པ་ བཅས། །