༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ པའི་ཚེས་ ༣ ཉིན་ཕྱོགས་བཞུགས་བོད་མི་མང་སྤྱི ་འཐུས་དོན་གྲུབ་ཚེ་རིང་ལགས་ཀྱི ས་ཨ་རིའི་མེ་ས་ཆུ་སེཌ་མངའ་སྡེའི ་ཨེམ་ཧར་སིཊ་ས་གནས་སུ་གནས་སྡོད་ བོད་རིགས་རྣམས་ལ་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེ བས་གསལ་བཤད་གནང་ཡོད་འདུག
སྐབས་དེར་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་ཀྱི ས་གཙོ་བོ་བོད་ནང་གི་ད་ལྟའི་ཛ་དྲག་ གི་གནས་སྟངས་སྐོར་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ ཀྱི་གནས་བབ། བོད་ཀྱི་སྐད་ཡིག་དང་རིག་གཞུང་གི ་གལ་གནད། དང་བླངས་དཔྱ་དངུལ། བོད་རིགས་མ་ཡིན་པའི་ཆེད་དུ་ལག་ དེབ་སྔོན་པོ་སོགས་ཀྱི་སྐོར་གསུ ངས་པ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ ཡོད་པའི་བོད་རིགས་སྤྱི་མཐུན་ཚོ གས་པ་རྣམས་ཚགས་ཚུད་དགོས་རྒྱུ་ནི ་བོད་ཀྱི་རྩ་དོན་སླད་གནད་འགག་ཆེ ན་པོ་ཆགས་ཀྱི་ཡོད་སྐོར་སོགས་གསུ ངས་འདུག་པ་བཅས། །