༄༅། །དཔལ་ལྡན་བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༢༣ ཉིན་གནས་སྤོས་བཀོད་སྒྲིག་སྩལ་དོན་ལྟར། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༡༦ དང་ ༡༧ ཉིན་གྲངས་གཉིས་རིང་ལུགས་བསམ་ས་གནས་འགོ་འཛིན་ཟུར་པ་རྡོ་རྗེ་རིན་འཛིན་ལགས་དང་ལུགས་བསམ་ས་གནས་འགོ་འཛིན་གསར་པ་དགེ་ལེགས་འབྱུང་གནས་ལགས་དབར་རྩིས་ལེན་རྩིས་སྤྲོད་གནང་ཡོད།དེ་ཡང་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་ལུགས་བསམ་ས་གནས་འགོ་འཛིན་ཟུར་པ་རྡོ་རྗེ་རིག་འཛིན་ལགས་དང་། ས་གནས་འགོ་འཛིན་གསར་པ་དགེ་ལེགས་འབྱུང་གནས་གཉིས་དབར་རྩིས་ལེན་རྩིས་སྤྲོད་ཀྱི་སྤྲོད་དཔང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས་བསྐོ་གཞག་གནང་དོན་ལྟར་ཐུགས་འགན་བཞེས་གནང་གིས་རྩིས་སྤྲོད་རྩིས་ལེན་ལེགས་གྲུབ་རྗེས་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ས་གནས་ཀྱི་གནད་ཡོད་མི་སྣ་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་གཙོས་པས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། ས་གནས་དགོན་སྡེ་ཁག་གི་སྐུ་ཚབ། སྦེལ་ཀོབ་སཾ་བྷོ་ཊ་སློབ་གྲྭའི་སྐུ་ཚབ་དང་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སྐུ་ཚབ། གྲོང་སྡེ་ཁག་གི་སྤྱི་མི། དེ་བཞིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལྷན་འཛོམས་ཐོག་ཞབས་ཀྱག་བརྗེ་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་དང་། དེའི་རྗེས་མི་མང་ཚོགས་ཆེན་ཞིག་འདུ་བསྐོང་གནང་ཡོད། །
གསར་གནས།
འབྲེལ་གནས།