༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་སྔོན་རྩིས་གྲོས་ཚོགས་ འཚོགས་བཞིན་པ་དང་སྟབས་བསྟུན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོ གས་གཙོ་མཁན་པོ་བསོད་ནམས་བསྟན་ འཕེལ་མཆོག་གིས་སྣེ་ཁྲིད་པའི་བོ ད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི ་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་ གཉིས་ལ་ཆ་བགོས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༥ ནས་ ༩ བར་རྒྱ་གར་གྲོས་ཚོགས་འཐུས་མི་སོ གས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུ ལ་སླད་རྒྱལ་ས་ལྡི་ལིར་གཞུང་འབྲེ ལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གི ས་སྣེ་ཁྲིད་པའི་སྤྱི་འཐུས་རྒྱུ ན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནང་སྤྱི ་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུ ག་ཚེ་བརྟན་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་ རྒྱལ་མཚན་ལགས། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ ་ཤིས་ལགས། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི ་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ ཆེན་རྒྱལ་མཚན་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་བཅས་ཡོད་པ་བཅས། །