༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༡༧ དང་༸རྒྱལ་བའི་བླ་གཟའ་ཉིན་མོ་དང་བསྟུན། ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ཉེ་ལམ་ཨ་རིའི་སྲིད་འཛིན་མཆོག་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་སུ་ཁྲིམས་ཡིག་ཞིག་གཏན་འབེབས་གནང་བར་དགའ་ཚོར་གྱིས་བཀའ་དྲིན་ཆེ་ཞུའི་མཛད་སྒོ་ཟབ་རྒྱས་ཞིག་ཚོགས་ཡོད།
མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་སྐབས་ ༡༧ བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་གཙོ། དེ་བཞིན་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན། ས་གནས་མི་མང་བཅས་ངོ་བཅར་ཞུས་ཡོད། ལྷག་པར་རྒྱ་གར་རྒྱལ་ཡོ
དེ་རྗེས་གཞིས་གྲོང་ཁག་དང་ས་གནས་བུད་མེད་ལྷན་ཆོགས་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་བ་དང་། སྒོར་གཞས་འཁྲབ་ནས་དགའ་དགའ་སྤྲོ་སྤྲོ་ངང་སྲུང་བརྩི་ཞུས་ཡོད།།