༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༧ ཉིན་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཨ་རི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་བཀའ་དྲིན་རྗེས་དྲན་མཚོན་སླད་མཛད་སྒོ་ཞིག་གོ་སྒྲིག་གནང་ཡོད།
མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་དང་། ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས། ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་སྒྲིག་འཛུགས་ཀྱི་སྐུ་ཚབ། ས་གནས་བོད་མི་བཅས་ལྷན་ཞུགས་གནང་ཡོད། མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་དང་། ས་གནས་འགོ་འཛིན་རྣམ་པ་གཉིས་ནས་ཁྲིམས་ཡིག་གི་གལ་གནད་དང་ནང་དོན་སོགས་ཀྱི་སྐོར་ངོ་སྤྲོད་དང་འབྲེལ། ཨ་རི་གཞུང་ནས་དེ་ལྟ་བུའི་ཁྲིམས་ཡིག་ཅིག་གཏན་འབེབས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།
གསུང་བཤད་ལས་རིམ་གྲུབ་མཚམས་དུན་ཆེན་སྲུང་བརྩི་ཞུ་སླད་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་བཅས།།