༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༣༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སྔོན་རྒྱ་གར་ལྷོ་ཁུལ་ཀེ་ར་ལ་མངའ་སྡེའི་ཝ་ཡ་ནཊ་ས་ཁུལ་དུ་ཆར་ཞོད་རྐྱེན་པའི་ས་རུད་ཚབས་ཆེ་བྱུང་བའི་ཁྲོད། མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་འཕོག་པར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པི་ནཱ་རཱ་ཡི་ཝི་ཇ་ཡན་ (Pinarayi Vijayan) མཆོག་གཙོས་པའི་མངའ་སྡེའི་མི་མང་ལ་ཐུགས་གསོ་མཛད་འདུག
དེ་ཡང་ཐུགས་གསོའི་གསུང་འཕྲིན་ནང་མགོན་པོ་མཆོག་གིས། ངོས་ནས་རང་བྱུང་གོད་ཆག་ཁྲོད་རྐྱེན་འདས་སུ་འགྲོ་མཁན་གྱི་ལྟོས་བཅས་ནང་མི་རྣམས་ལ་སེམས་གསོ་དང་། གནོད་སྐྱོན་འཕོག་མཁན་ཚོར་གདུང་སེམས་མཉམ་སྐྱེ་ཞུ་གི་ཡོད།
མངའ་སྡེ་གཞུང་དང་འབྲེལ་ཡོད་ཚོགས་པ་ཁག་ནས་གནོད་སྐྱོན་འཕོག་མཁན་ཚོར་དགོས་ངེས་རོགས་སྐྱོར་དང་། ངལ་སེལ་སྐྱོབ་གསོ་གནང་གི་ཡོད་པ་ཤེས་རྟོག་བྱུང་བས་ངོས་རང་བློ་བདེ་པོ་བྱུང་། ཀེ་ར་ལ་མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ངོས་ཀྱིས་ཏཱ་ལའི་བླ་མའི་ཐེབས་རྩ་ནས་ཛ་དྲག་ངལ་སེལ་ལས་གཞིའི་སླད་ཞལ་འདེབས་དབུལ་རྒྱུར་བཀོད་མངགས་བྱས་ཡོད། ཅེས་བཀའ་སྩལ་ཡོད་པ་བཅས།།