༄༅། །བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ ལ་ཕེབས་པའི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་ཆ་ཤས་སུ་ས་གནས་སྡེ་ར་ལྡུན་དུ་གནས་སྡོད་བོད་མི་ ༢༥༠ ཙམ་གྱིས་ཆར་དུས་འགོ་ཚུགས་དང་ལྷན་དུ་ཤིང་སྡོང་སུམ་སྟོང་ལྷག་འདེབས་འཛུགས་བྱས་ཡོད།
ཤིང་སྡོང་འདེབས་འཛུགས་དེ་ཡང་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་རྣམས་ལོ་ངོ་དྲུག་ཅུ་རེ་ལྔའི་རིང་བསུ་བའི་བཀའ་དྲིན། ལྷག་པར་ཨུ་ཏ་ར་ཁནྜ་མངའ་སྡེའི་གཞུང་དང་མི་མང་རྣམས་ཀྱི་རྒྱབ་སྐྱོར་དང་། རོགས་རམ་གནང་བ་དེ་དག་ལ་ཐུགས་རྗེ་ལེགས་འབུལ་མཚོན་གྱི་ཡོད་པ་དང་ཆབས་ཅིག་ལས་འགུལ་འདི་བརྒྱུད་ཆིག་སྒྲིལ་དང་། ཁོར་ཡུག་གི་གོ་རྟོགས། ཁོར་ཡུག་གི་དཀའ་ངལ་ལ་གདོང་ལེན། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཆེད་ཐུན་མོང་གི་ལས་འགན་ཡོད་པ་སོགས་གོ་རྟོགས་སྤེལ་གྱི་ཡོད།
དེ་ཡང་རའི་པུར་ཤིང་ནགས་ལས་ཁུངས་དང་མཉམ་སྦྲེལ་གྱིས་ཤིང་སྡོང་འདྲ་མིན་དང་། སྐྱུ་རུ་ར། སྨྱུག་མ། སྲིང་བལ་དམར་པོ་སོགས་འདེབས་འཛུགས་བྱས་ཡོད་པ་མཟད། མུ་མཐུད་འདི་ལོར་ཆར་དུས་སྐབས་ཤིང་སྡོང་གང་མང་འདེབས་འཛུགས་བྱ་རྒྱུའི་དམ་བཅས་ཡོད་པ་བཅས།།