༄༅། །ཨ་རིའི་སྲིད་འཛིན་ཇོ་བྷའི་ཌེན་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་དེ་གཞུང་གི་ཁྲིམས་སུ་གཏན་ལ་ཕབ་སྟེ་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཡོད་པར་ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༡༦ ཉིན་ལྡི་མ་སྤུར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དབང་ཆེན་མགོན་པོ་ལགས་དང་། ས་གནས་འོས་བསྡུ་འགན་འཛིན་བསམ་གྲུབ་རྡོ་རྗེ་ལགས། ཕ་མའི་ཚོགས་ཆུང་གི་དབང་ཕྱུག་ལགས་བཅས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་གལ་གནད་སྐོར་ནན་བརྗོད་གནང་ཡོད། དེ་བཞིན་མི་མང་ཡོངས་ནས་བཀྲ་ཤིས་པའི་སྒོར་གཞས་ལ་རོལ་ཡོད་པ་བཅས།།
ལྡི་མ་སྤུར་ས་གནས་མི་མང་ནས་ཨ་རི་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་པ།
གསར་གནས།

འབྲེལ་གནས།
