༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༠༣ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ཊི་པོ་ལོ་གསོལ་མགྲོན་ཁང་དུ་དབུ་འཛུགས་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ཙམ་ལ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་།ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས།ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས།དེ་བཞིན་གསུང་བཤད་པ་དང་།རྒྱལ་ཁབ་ཁག་བཅུ་གསུམ་ནས་ཕེབས་པའི་ཚོགས་བཅར་བ།གསར་འགོད་པ་བཅས་ཚང་འཛོམས་ཐོག་མཛད་སྒོ་དངོས་སུ་དབུ་འཛུགས་ཞུས་ཤིང་།ཐོག་མར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་གྲུབ་མཚམས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས་ཕེབས་བསུའི་གསུང་བཤད་གནང་།དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུའི་དབུ་འབྱེད་གསུང་བཤད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་འབྲེལ་གཞོན་སྐྱེས་རྣམས་དང་དུ་བླངས་ནས་ཚོགས་ཆེན་འདིར་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གསུང་བཤད་པ་རྣམས་ཀྱི་ངོ་སྤྲོད་མདོར་བསྡུས་གནང་སོང་།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་༢༠༢༡ལོར་ཛུ་རིག་ཏུ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་འདི་འགོ་བཙུགས་རྒྱུའི་བརྒྱུད་རིམ་ངོ་སྤྲོད་དང་།སྐབས་དེ་དུས་དེ་ཙམ་གྱི་རྒྱབ་སྐྱོར་ཐོབ་མེད་ནའང་ཕྱིས་སུ་ལོ་གཉིས་དང་ཕྱེད་ཀའི་རྗེས་སུ་སྤྱི་ཚོགས་ནང་དེའི་སྐོར་དོ་སྣང་སླེབས་ཡོད་པ་མ་ཟད།ལྷག་པར་སྔ་ལོ་ཚོགས་ཆེན་དང་པོའི་སྐབས་དུས་རྒྱུན་བོད་དོན་ཆེད་སྤྱི་ཚོགས་ནང་ཕྱག་ལས་གནང་མཁན་དང་།གཞོན་སྐྱེས་མང་པོ་ཞིག་གིས་མཉམ་ཞུགས་གནང་སྟེ་སོ་སོའི་ས་གནས་སུ་ལས་འགུལ་མང་པོ་སྤེལ་ཐུབ་པ་བྱུང་ཡོད་པའི་སྐོར་ངོ་སྤྲོད་གནང་སོང་།
དེ་ནས་བོད་དོན་འཐབ་རྩོད་ཐད་གཞོན་སྐྱེས་རྣམས་ཀྱིས་འགན་གང་འདྲ་འཁྱེར་དགོས་པ་དང་། གྲ་སྒྲིག་གང་གནང་དགོས་སྐོར། དེ་བཞིན་ཚང་མས་མཉམ་རུབ་ཐོག་ནས་ཕྱག་ལས་གནང་དགོས་པའི་སྐོར་གསུངས། བོད་དོན་ཞུ་གཏུག་ལས་འགུལ་གྱི་སྡིངས་ཆ་དེ་དབུ་མའི་ལམ་དང་རང་བཙན་རྩོད་མཁན་ཙམ་མ་ཡིན་པར་བོད་མི་ཚང་མས་ལས་འགན་ཞིག་དང་། བོད་དོན་ཞུ་གཏུག་ལས་འགུལ་དེ་ནི་བོད་མི་མང་གི་ལས་འགུལ་ཞིག་ཡིན་ཞེས་གསུངས། དེ་རྗེས་ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཐུགས་རྗེ་ལེགས་འབུལ་གྱི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ།
སྤྱིར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༠༣ ནས་ ༠༥ བར་ཉིན་གྲངས་གསུམ་རིང་འཚོག་གི་ཡོད་པ་དང་། སྐབས་དེར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། དགའ་ལྡན་ཕོོ་བྲང་ཡིིག་ཚང་གིི་རྒྱ་གར་དང་ཤར་ཨེེ་ཤིི་ཡའིི་ངེེས་སྟོོན་པ་བཀའ་ཟུར་བསྟན་