༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༧ ཉིན་ཝཱ་རཱ་ཎ་སཱིར་རྟེན་གཞི་བྱས་པའི་བཤད་སྒྲུབ་འདོད་རྒུ་འཁྱིལ་བོད་དགོན་དུ་ས་གནས་རང་བདེན་ཚོགས་ཆུང་དང་། ས་གནས་བུད་མེད་ཚོགས་པ། ནང་ཆོས་གཞོན་ནུ་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཉེ་ལམ་ཨ་རིའི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་མཛད་སྒོ་གོ་སྒྲིག་ཞུས་ཡོད།
མཛད་སྒོའི་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སྨྲ་བ་བྱམས་པ་བསམ་གཏན་ལགས་ཀྱིས་ཁྲིམས་ཡིག་གི་གལ་གནད་དང་། ནང་དོན་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད། ཕྱི་དྲོ་ཝཱ་ཎ་དབུས་གཙུག་ལག་སློབ་གཉེར་ཁང་གི་རྩེད་ཐང་དུ་དགེ་ལས་ལྷན་འཛོམས་ཀྱིས་བཀྲ་ཤིས་སྒོར་གཞས་ལ་རོལ་ཡོད་པ་བཅས།།