༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༦ ཉིན་ཏེ་༸སྐུའི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལས་བྱེད་དྲུག་ལ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལེགས་གསོའི་གཟེངས་རྟགས་ཕྱག་འཁྱེར་གནང་ཡོད།
༡༽ ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནི། ཕྱི་ལོ་ ༡༩༩༦ ཟླ་བ་ ༠༩ ཚེས་ ༡༠ ནས་དྲུང་ལས་གནས་རིམ་ཐོག་ཚོད་ལྟར་བསྐོ་གཞག་གིས་བདེ་སྐྱིད་གླིང་བཟོ་གཞིས་དང་བདེ་དོན་ལས་ཁང་གི་དྲུང་ལས་སུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༧ ཟླ་བ་ ༠༤ ཚེས་ ༠༨ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༧ ཟླ་བ་ ༡༢ ཚེས་ ༡༩ ནས་བདེ་སྐྱིད་གླིང་བཟོ་གྲྭའི་རྩིས་པར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༩ ཟླ་བ་ ༠༣ ཚེས་ ༡༦ ནས་ཧུན་སུར་གཞིས་ཆགས་ཀྱི་མཉམ་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༧ ཚེས་ ༡༡ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་༢༠༠༡ ཟླ་བ་ ༠༥ ཚེས་ ༢༡ ནས་ཀ་སྦུག་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༢ ཟླ་བ་ ༠༤ ཚེས་ ༢༦ ནས་རྡོར་གླིང་དང་བསུ་ན་མདའ་ས་གནས་འགོ་འཛིན་གཅིག་ལྕོགས། ཕྱི་ལོ་ ༢༠༠༨ ཟླ་བ་ ༠༩ ཚེས་ ༠༡ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་གཞོན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༩ ཟླ་བ་ ༠༧ ཚེས་ ༡༨ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༩ ཟླ་བ་ ༡༢ ཚེས་ ༡༡ ནས་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༢༠༡༡ ཟླ་བ་ ༡༢ ཚེས་ ༡༥ ནས་སྦར་སིལ་སྐུ་ཚབ་དོན་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༡༥ ཟླ་བ་ ༠༦ ཚེས་ ༠༡ ནས་དྲུང་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༦ ཟླ་བ་ ༠༤ ཚེས་ ༠༥ ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་བ་ ༡༡ ཚེས་ ༠༥ ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དུ་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༩ ཟླ་བ་ ༠༥ ཚེས་ ༠༦ ནས་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༢༠༡༩ ཟླ་བ་ ༡༠ ཚེས་༡༦ ནས་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་ཕྱི་དྲིལ་དྲུང་ཆེར་བསྐོ་གཞག་ཀྱིས་ཞབས་འདེགས་ཞུ་མུས།
༢༽ དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ནི། ཕྱི་ལོ་ ༡༩༩༦ ཟླ་བ་ ༡༠ ཚེས་ ༡༥ ནས་གཞོན་དྲུང་གནས་རིམ་ཐོག་ཚོད་ལྟར་བསྐོ་གཞག་གིས་བདེ་སྲུང་ལས་ཁུངས་ཀྱི་གཞོན་དྲུང་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༧ ཟླ་བ་ ༠༥ ཚེས་ ༡༥ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༡ ཚེས་ ༢༡ ནས་དྲུང་ལས་གནས་སུ་ཡིག་རྒྱུགས་འཕྲོད་དེ་ཚོད་ལྟར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༨ ཚེས་ ༠༤ནས་ལས་ངོར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༦ ཟླ་བ་ ༠༥ ཚེས་ ༠༡ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ལས་སུ་ལས་འགན་རང་འཇགས། ཕྱི་ལོ་༢༠༠༧ ཟླ་བ་ ༠༥ ཚེས་ ༢༡ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༡ ཟླ་བ་ ༠༨ ཚེས་ ༡༠ ནས་སྦར་སིལ་སྐུ་ཚབ་དོན་ཁང་གི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་བ་ ༠༥ ཚེས་ ༢༡ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༣ ཟླ་བ་ ༠༢ ཚེས་ ༠༡ ནས་སྦར་སིལ་སྐུ་ཚབ་དོན་ཁང་འོག་པེ་རིས་འབྲེལ་མཐུད་པར་བསྐོ་གཞག ཕྱི་ལོ་ ༢༠༡༦ ཟླ་བ་ ༠༨ ཚེས་ ༡༠ ནས་བདེ་སྲུང་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༡༧ ཟླ་བ་ ༠༦ ཚེས་ ༠༥ ནས་ལྡི་ལི་སྐུ་ཚབ་དོན་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་བ་ ༠༤ ཚེས་ ༡༢ ནས་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེར་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༡༩ ཟླ་བ་ ༠༥ ཚེས་ ༠༢ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་དབུས་སྣེ་ལེན་འབྲེལ་མཐུད་ལས་ཁང་གི་འགན་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༢༡ ཟླ་བ་ ༠༧ ཚེས་ ༠༡ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༠༤ ནས་དྲུང་ཡིག་ཆེན་མོར་གནས་སྤར་ཐོག་དཔལ་འབྱོར་དྲུང་ཆེར་བསྐོ་གཞག་གིས་ཞབས་འདེགས་ཞུ་མུས།
༣༽ ཚོགས་དྲུང་ལས་ཁུངས་ཀྱི་དྲུང་འཕར་འཇོ་ཚང་ཚེ་བརྟན་སྐལ་བཟང་ལགས་ནི། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༢ ཚེས་ ༠༣ ནས་སྡེ་འགན་གནས་རིམ་ཐོག་ཚོད་ལྟར་བསྐོ་གཞག་གིས་འོས་བསྡུ་ལས་ཁང་གི་སྡེ་འགན་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༨ ཚེས་ ༠༧ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་བ་ ༠༩ ཚེས་ ༡༤ ནས་དྲུང་ལས་གནས་རིམ་ཐོག་ཡིག་རྒྱུགས་འཕྲོད་དེ་ཚོད་ལྟར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༦ ཟླ་བ་ ༠༣ ཚེས་ ༡༥ ནས་དྲུང་ལས་གནས་རིམ་ཐོག་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༠ ཟླ་བ་ ༡༠ ཚེས་ ༡༨ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༥ ཟླ་བ་ ༠༦ ཚེས་ ༠༣ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༧ ཟླ་བ་ ༠༩ ཚེས་ ༡༡ ནས་ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༢༠ ཟླ་བ་ ༠༧ ཚེས་ ༠༦ ཉིན་ལས་བྱེད་ལས་དོན་གཟེངས་བསྟོད་ཕྱག་འཁྱེར་བཞེས་ཏེ་ཞབས་ཡུན་ལོ་ ༡ སྤར་ཆ་ཞུས། ཕྱི་ལོ་ ༢༠༢༡ ཟླ་བ་ ༠༥ ཚེས་ ༡༠ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༢༡ ཟླ་བ་ ༠༩ ཚེས་ ༢༡ ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༢༡ ཟླ་བ་ ༡༢ ཚེས་ ༡༧ ནས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས་ཀྱི་ཞབས་འདེགས་ཞུ་མུས།
༤༽ བཀའ་ཡིག་ཁྱབ་ཁོངས་ཡིག་ཚགས་སྡེ་ཚན་གྱི་དྲུང་གཞོན་ཀརྨ་སྒྲོལ་མ་ལགས་ནི། ཕྱི་ལོ་ ༡༩༩༧ ཟླ་བ་ ༡༢ ཚེས་ ༡༥ ནས་ལས་དྲུང་གནས་རིམ་ཐོག་ཚོད་ལྟར་བསྐོ་གཞག་གིས་ཧ་སྤུར་གཞིས་ཆགས་ཀྱི་ལས་དྲུང་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༧ ཟླ་བ་ ༠༧ ཚེས་༠༧ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༩ ཟླ་བ་ ༠༧ ཚེས་ ༢༡ ནས་དྷ་ས་བདེ་དོན་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་བ་ ༠༣ ཚེས་ ༡༦ ནས་ཧུན་སུར་གཞིས་ཆགས་ཀྱི་མཉམ་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༡ ཟླ་བ་ ༡༠ ཚེས་ ༢༣ ནས་ལས་དོའི་གནས་རིམ་དུ་གནས་སྤར་གྱིས་སྦིར་བོད་ཚོགས་ས་འགོ་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་བ་ ༠༣ ཚེས་ ༠༧ ནས་ནང་སྲིད་ལས་ཁུངས་ཀྱི་ལས་དོར་གནས་སྤོས། ཕྱི་ལོ་ ༢༠༠༦ ཟླ་བ་ ༠༡ ཚེས་ ༣༠ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༩ ཟླ་བ་ ༠༩ ཚེས་ ༠༣ ནས་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་བ་ ༠༩ ཚེས་ ༠༧ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་བ་ ༠༧ ཚེས་ ༠༧ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༦ ཟླ་བ་ ༠༧ ཚེས་ ༠༡ ནས་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་དང་ཧིན་བོད་མཛའ་ཚོགས་ཀྱི་དྲུང་ལས་སུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་བ་ ༡༢ ཚེས་ ༢༠ ནས་བཀའ་ཡིག་ཁྱབ་ཁོང་བར་བརྒལ་ལས་བཀོད་ཚན་པའི་དྲུང་ལས་སུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་བ་ ༠༡ ཚེས་ ༢༩ ནས་དབུས་སྣེ་ལེན་འབྲེལ་མཐུད་ལས་ཁང་གི་དྲུང་ལས་སུ་གནས་སྤོས། ཕྱི་ལོ་ ༢༠༡༩ ཟླ་བ་ ༠༥ ཚེས་ ༠༦ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལོ་རྒྱུས་འབྲི་རྩོམ་ཚན་པར་ལས་འགན་བཀོད་སྒྲིག་གིས་ཞབས་འདེགས་ཞུ་མུས།
༥༽ བདེ་སྲུང་ལས་ཁུངས་ཀྱི་དྲུང་ལས་ཟླ་བ་སྒྲོལ་མ་ལགས་ནི། ཕྱི་ལོ་ ༡༩༩༧ ཟླ་བ་ ༡༢ ཚེས་ ༡ ནས་གཞོན་དྲུང་གནས་རིམ་དུ་ཚོད་ལྟར་བསྐོ་གཞག་གིས་བདེ་སྲུང་ཉམས་ཞིབ་ཁང་གི་གཞོན་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༨ ཟླ་བ་ ༠༧ ཚེས་ ༡༥ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༡ ཟླ་བ་ ༠༢ ཚེས་ ༠༨ ནས་རྒན་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༥ ཟླ་བ་ ༠༦ ཚེས་ ༠༣ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༦ ཟླ་བ་ ༠༢ ཚེས་ ༡༨ ནས་སྤོན་ཊོ་བཀྲ་ཤིས་གླིང་དང་སུན་མཚོ་མན་གསུམ་གྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་བ་ ༡༢ ཚེས་ ༢༢ ནས་བདེ་སྲུང་ལས་ཁུངས་སུ་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༩ ཟླ་བ་ ༡༡ ཚེས་ ༠༢ ནས་ལས་དོའི་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༥ ཟླ་བ་ ༡༢ ཚེས་ ༠༢ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༢༣ ཟླ་བ་༠༡ ཚེས་ ༢༤ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས་ཐོག་ཞབས་འདེགས་ཞུ་མུས།
༦༽ བཀའ་དྲུང་ཡིག་ཚང་གི་ལས་བྱ་ཁ་ལོ་བ་དོན་གྲུབ་ཆོས་འཕེལ་ལགས་ནི། ཕྱི་ལོ་ ༡༩༩༩ ཟླ་བ་ ༣ ཚེས་ ༢༢ ནས་ལས་བྱ་ཁ་ལོ་བའི་གནས་རིམ་དུ་ཚོད་ལྟར་བསྐོ་གཞག་གིས་བཀའ་དྲུང་ཡིག་ཚང་གི་ཁ་ལོ་བར་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༩ ཟླ་བ་ ༠༩ ཚེས་ ༣༠ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས་ཐོག་ཞབས་འདེགས་ཞུ་མུས་ཡིན་པ་བཅས།།