༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་ཡུ་རོབ་ཁུལ་གྱི་བོད་མི་མང་ སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༤ ཟླ་ ༧ པའི་ཚེས་ ༩ ཉིན་ཡུ་རོབ་ནི་རྡར་ལན་ཌི་རྒྱལ་ ཁབ་ནང་གཞུང་འབྲེལ་ས་བགོས་ཕྱོགས་ བསྐྱོད་གནང་གཏན་ཁེལ་ཡོད།
གཞི་རྩའི་ལྷོ་བྱང་ཨ་རི་ཁུལ་དང་། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུ ལ་བཅས་ཀྱི་བོད་མི་མང་སྤྱི་འཐུས་ རྣམ་པ་སོ་སོའི་ཁྱབ་ཁོངས་སུ་དེ་ སྔོན་ས་བགོས་ཕྱོགས་བསྐྱོད་ཕེབས་ ལམ་མེད་ནའང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྐབས་སུ་འབྲེལ་ཡོད་སྤྱི་འཐུ ས་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོའི་ དབར་བཀའ་བསྡུར་སྔ་རྗེས་དང་། རིམ་པས་སྤྱི་འཐུས་རྒྱུན་ལས་ལྷན་ ཚོགས་ནང་དང་། འཛིན་སྐྱོང་བཅས་ཀྱི་ལྷན་བཀའ་བསྡུ ར་ཞུས་རྗེས། སྤྱི་འཐུས་ལས་ཡུན་རིང་ཁྱབ་ཁོངས་ ས་གནས་སུ་ཐེངས་རེར་ས་བགོས་ཕྱོ གས་བསྐྱོད་གནང་རྒྱུའི་ལས་རིམ་ གཏན་ཁེལ་ཡོད་པ་དང་། ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རི མ་བཟོ་ཕྱོགས་ཐད། འབྲེལ་ཡོད་སྤྱི་འཐུས་རྣམ་པ་དང་། སྐུ་ཚབ་དོན་གཅོད། བོད་རིགས་ཚོགས་པ་བཅས་སོ་སོར་ བཀའ་བསྡུར་གནང་སྟེ་ལས་རིམ་བཟོ་ རྒྱུ་གནང་ཡོད་པ་བཅས། །