༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༠༡ ཉིན་བསྟན་འཛིན་སྒང་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་མ་ཡུམ་ཚེ་འདས་ལས་བཟང་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་མཛད་སྒོར་མཉམ་ཞུགས་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༣༠ ཉིན་ས་འགོ་རབ་བརྟན་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་པདྨ་མཁའ་འགྲོ་མཆོག་དང་མཇལ་འཕྲད་ཀྱིས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཐུགས་གསོའི་གསུང་འཕྲིན་ཕུལ་ཡོད། སྐབས་དེར་ས་འགོ་ལྷན་དུ་ས་འཐུས་ཚོགས་གཙོ་ཕུན་ཚོགས་ཚེ་རིང་ལགས་དང་། རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་བྱམས་པ་ཚེ་རིང་ལགས། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བསྟན་དར་ལགས་ལྷན་བཅར་ཞུས་ཏེ། ས་གནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་ལྟོས་བཅས་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུས་ཡོད་པ་བཅས།།