༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༢༤ ཉིན་བསུ་ན་མདའ་ས་གནས་འགོ་འཛིན་ལས་ཁུངས་དང་། ཚོགས་པ་ཁག སམ་བྷོ་ཌ་བསུ་ན་མདའ་དགེ་ལས་སློབ་ཕྲུག་དང་ སེར་སྐྱ་མི་མང་ཚང་འཛོམས་ཐོག་ཨ་རི་གཞུང་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་ཐུབ་པ་བྱུང་ཡོད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་རྟེན་ཁང་དགེ་རྒྱས་གླིང་དུ་ལྷ་སྲུང་རྣམས་ལ་འཕྲིན་བསྐུལ་དང་བསང་བསོལ་བཏང་རྗེས་ཆུ་ཚོད་ ༩ པའི་ཐོག་མཉམ་འབྲེལ་ཚོགས་ཁང་དུ་ས་གནས་འབྲེལ་མཐུད་པ། ས་གནས་རང་ཚོགས། སམ་བྷོ་ཌ་བསུ་ན་མདའ་སློབ་གྲྭ་དང་མཉམ་འབྲེལ། སེར་སྐྱ་མི་མང་ཚང་འཛོམས་ཐོག་བོད་རྒྱ་གཉིས་ཀྱི་རྒྱལ་གླུ་དང་བོད་བསྟན་སྲིད་མི་རིགས་སླད་རང་སྲོག་འདོར་བའི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་ཞུས།
དེ་ནས་ས་གནས་འབྲེལ་འཐུད་པས་ཨ་རི་སྲིད་འཛིན་མཆོག་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་ནང་དོན་སྒྲོགས་སྦྱང་དང་ཐུགས་རྗེ་ཆེ་ཞུ་རྗེས་གསོལ་ཇ་དང་མངར་ཟས་བགོ་འགྲེམས་ཞུས་ཏེ་སྒོར་གཞས་སོགས་ལ་རོལ་ནས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །