༄༅། །བལ་ཡུལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༢༤ཟླ་བ་ ༧ ཚེས་ ༦ རེས་གཟའ་སྤེན་པའི་ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་ཀྱིས་དབུ་ཁྲིད་པའི་ཀཐཱ་མན་གྲུ་རྒྱལ་བའི་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་ནས་གོ་སྒྲིག་ཞུས་ཏེ་རང་ཅག་ཁ་བ་གངས་ཅན་པའི་མགོན་སྐྱབས། འཛམ་གླིང་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་བལ་ཡུལ་གཞུངའབྲེལ་སྡེ་ལྷན་ལ་ཡིག་ཐོག་ནས་ཇི་ལྟར་མཁྱེན་རྟོགས་ཞུས་པ་དང་སྦྲགས་ཐབས་མཁས་སྟབས་ལེགས་ཀྱི་དམ་བསྒྲགས་དང་བསུན་གཙེར་སོགས་གང་ཡང་མེད་པར་བལ་ཡུལ་མཆོད་རྟེན་ཉེ་འདབས་ཡོལ་མོ་དགོན་ (Hyolmo Gomba) དུ་གཞུང་འབྲེལ་༸སྐུའི་འཁྲུངས་སྐར་དུས་ཆེན་གོ་སྒྲིག་ཟབ་རྒྱས་ཐོག་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་དང་། དམིགས་གསལ་སྐུ་མགྲོན་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས། བསམ་གཏན་གླིང་དང་ཤེལ་ཆོས་མཁན་རིན་པོ་ཆེ་རྣམས་གཉིས་ཀྱི་གཙོས་སྐྱབས་གནས་མཁན་སྤྲུལ་དགེ་འདུན་བཙུན་མ་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ལས་ཐོག སྤྱི་ཟུར་ཁག དེ་བཞིན་ས་འཐུས་ཚོགས་གཙོ་ཁག་དང་། ས་གནས་འགོ་འཛིན་ཁག གཞུང་ཞབས་ཟུར་པ་རྣམས་པ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་ཚོགས་གཙོ། གཞུང་དང་གཞུང་ཁོངས་མ་ཡིན་པའི་སྡེ་ཚན་ཁག དེ་བཞིན་དགོན་པ་གྲྭ་ཚང་། ཚོགས་སྐྱིད་ཁག་གི་འགན་འཛིན། ལྷག་པར་བལ་ཡུལ་ནང་གི་ཕྱི་རྒྱལ་གཞུང་ཚབ་ཁག་ནས་ཕེབས་པའི་ཨ་རིའི་གཞུང་ཚབ་ཆེན་མོ་ Dean R Thompson ,Veronique Lorenzo, Delegation of European union in Nepal,Mr. Aidan Boreham, Deputy Head of mission, Australian Embassy and his wife, Mrs. Estelle Remondelauz, Head of consular affair, Embassy of Switzerland and her husband, Jeniffer Das, Economic and Political Affair, US Embassy, Mr. David R Scorski, Political officer, US Embassy, Mr. Pema Tenzin, Refugee Affairs Specialist, US Embassy, Mrs. Leela Devaradjalou, DCM, Embassy France, Grace, USAID, US Embassy, Dr. Gopal Shivakoti, Chairman-Inhured International, Mr.Bhawani Prasad Kharel, Chairman, Human Right Organisation for Nepal, Mr. Kapil Shrestha, Human Right Activist, Mr. Indra Prasad Aryal, President HURON ལ་སོགས་དང་ཧི་མ་ལ་ཡའི་མི་རིགས་ཁག་བཅས་སེར་སྐྱ་སྟོང་ཕྲག་གཉིས་ལས་བརྒལ་བ་མཉམ་འཛོམས་ཀྱི་དབུས་སུ་༧རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་གཟི་འོད་འཕྲོ་བ་དེ་སྤྱན་རྒྱ་སྤོས་སྣེས་བསྔུན་བསུས་ཏེ་གདན་འདྲེན་ཞུས་བཞིན་རྣམ་རྒྱལ་མཐོ་སློབ་ཀྱི་སློབ་མ་རྣམས་པས་རྔ་རོལ་རུ་སྒྲིག བལ་ཡུལ་བོད་ཀྱི་ལྷ་མོ་བས་བཀྲ་ཤིས་གཞོལ་པ་དང་ལྷ་ལུང་གཞས་མ། བལ་ཡུལ་ཏྲེ་ཧོར་སྐྱིད་སྡུག་ནས་གངས་ལྗོངས་ནོར་གཡག་དང་། གངས་སེང་བཅས་པའི་སྒོ་ནས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་མངའ་གསོལ་དང་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། དེ་ནས་ཚང་མ་མཉམ་བཞེངས་ཀྱི་བལ་བོད་གཉིས་ཀྱི་རྒྱལ་གླུ་དང་། དྲུག་བཅུའི་དབྱངས་ལྡན་གྱེར་བ་དང། རིམ་བཞིན་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་ཁག་གནང་ཤིང་། དེ་རྗེས་མཛད་སྒོའི་ཐོག་བལ་ཡུལ་ཏྲེ་ཧོར་སྐྱིད་སྡུག་ནས་གཡག་དང་གངས་སེང་འཁྲབ་སྟོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་སུ་གཏོགས་པའི་གཞུང་འབྲེལ་མཐོ་འབྲིང་དམའ་གསུམ་སློབ་གྲྭ་ཁག་བཞི་ནས་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་གཞས་སྣ་ཁག་འཁྲབས་སྟོན་གནང་། དེ་བཞིན་བལ་ཡུལ་བོད་ཀྱི་ལྷ་མོ་བས་རས་པ་དང་། བྲོ་གར་བཅས་གཞས་སྣ་ཁག་འཁྲབ་སྟོན་ཞུས་ཏེ་མཐར་བཀྲ་ཤིས་རྣམ་ཐར་དང་ཀི་བསྭཽ་ལྷ་རྒྱལ་བཅས་འདི་ལོ་དམིགས་གསལ་མཛད་སྒོ་རྒྱལ་ཁའི་ངང་ལེགས་པར་གྲུབ་པ་དང་། ཉིན་གཉིས་པ་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པས་ལྷ་གཞུང་བྲམ་ཟེའི་བུ་མོ་གཟུགས་ཀྱི་ཉི་མའི་རྣམ་ཐར་འཁྲབ་སྟོན་ཉིན་འཁྱོངས་གཟིགས་འབུལ་ཞུ་རྒྱུའི་བཀྲ་ཤིས་གཏམ་བཟང་བཅས། །
གསར་གནས།
འབྲེལ་གནས།