༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་ཁག་བཅུ་གཉིས་སུ་ཕེབས་ཏེ་ནང་སྲིད་ལས་ཁུངས་ཀྱི་ལས་འཆར་ཁག་ལ་གཟིགས་ཞིབ་དང་། ས་གནས་མི་མང་རྣམས་ཀྱི་དཀའ་སྡུག་ལ་གསན་ཞིབ་གནང་ཡོད་པ་མ་ཟད། གླེའི་སྨན་རྩིས་ཁང་དང་། བོད་མིའི་ཚོང་ཁང་ཁག་དུ་གཟིགས་སྐོར་གནང་ཡོད།
སྐབས་དེར་ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་དང་། ས་གནས་ཁྲིམས་ཞིབ་པ་པདྨ་བཟང་པོ་ལགས། ནང་སྲིད་ཟུང་དྲུང་བཀྲ་ཤིས་བདེ་སྐྱིད་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས། ལ་དྭགས་བོད་ཁྱིམ་སློབ་གྲྭའི་འགན་འཛིན་བསྟན་འཛིན་རབ་བརྟན་ལགས་བཅས་ལྷན་བཅར་ཞུས་ཡོད་པ་བཅས།།