༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ༸དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཟླ་བ་འདིའི་ཚེས་ ༢༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་སུད་སི་ས་སྐྱ་བདེ་ཆེན་གླིང་ཆོས་ཚོགས་སུ་ཕེབས་འཁོར་བརྒྱུད་ཆིབས་བསྒྱུར་གནང་།
སྐབས་དེར་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་གཙོས་པའི་དོན་ཁང་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་དང་། ཕྱི་རྒྱལ་གྱི་སློབ་མ་བཅས་ནས་ཕེབས་བསུ་ཆེད་བཅར་གྱིས་སེར་ཕྲེང་བསྒྲིགས་ནས་ཕེབས་བསུ་དང་འབྲེལ་སུད་སི་བདེ་ཆེན་གླིང་ཆོས་ཚོགས་སུ་ཞབས་སོར་བདེ་བར་འཁོད། ཟླ་བ་འདིའི་ཚེས་ ༣༠ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ནས་ཕྱི་དྲོ་ཆུ་ཚོད་ ༥།༠༠ བར་ཉིན་གཅིག་རིང་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཆོས་ཚོགས་སུ་ཕྱི་རྒྱལ་སློབ་མ་རྣམས་ལ་སྐྱབས་འགྲོའི་ཆོ་ག་དང༌། མགོན་པོ་ཕྱག་ན་རྡོ་རྗེ་དང་ཁྱུང་གི་དབང༌། ནག་པོའི་ཆོ་ག་སོགས་མཛད་འཆར་གནང་རྒྱུ་དང་། དེ་རྗེས་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཆིབས་བསྒྱུར་གནང་རྒྱུ་རེད་འདུག་པ་བཅས།།