༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༠༤ ཉིན་ཨིན་ཡུལ་མན་ཅི་སི་ཊར་གྱི་སེནྚ་པི་ཊར་པག་བཞི་མདོར་(St Peter’s Square, Manchester)རྒྱ་ནག་གནམ་བདེ་སྒོ་མོ་ཆེའི་དམར་གསོད་དོན་རྐྱེན་བྱུང་ནས་ལོ་ངོ་ ༣༥ འཁོར་བའི་དུས་དྲན་སྲུང་བརྩིའི་གོམ་བགྲོད་དུ་ཨིན་ཡུལ་བོད་མི་ཁག་ཅིག་མཉམ་ཞུགས་གནང་ཡོད།
དུས་དྲན་ཐོག་ཧོང་ཀོང་དང་། ཐའི་ཝན། ཇོར་ཇི་ཡ། ཡུ་གུར། ཡུག་རེན་སོགས་ནས་སྲིད་དབང་སྒེར་འཛིན་པར་ངོ་རྒོལ་བྱེད་མི་ཕེབས་ཞུགས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་ཆེ་བའི་སྲིད་བྱུས་ལ་ངོ་རྒོལ་གྱི་གསུང་བཤད་གནང་། སྐབས་དེར་བོད་མིའི་སྐུ་ཚབ་དཔལ་ལྡན་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་ཐེ་བའི་མི་རིགས་དུ་མར་ཡུན་རིང་བཙན་གནོན་བྱས་ཚུལ་ཐེར་འདོན་དང་། བྱེད་ལུགས་དེ་དག་ལ་སྐྱོན་བརྗོད་གནང།
དུས་དྲན་མཛད་རིམ་གྱི་མཇུག་ཏུ་ངོ་རྒོལ་བ་རྣམས་ནས་དྲག་གནོན་ལ་ངོ་རྒོལ་མཚོན་ཆེད་དུ་དམག་གི་འཐབ་འཁོར་བཅོས་མ་ཞིག་གཏོར་བཤིག་བཏང་ཡོད་པ་བཅས།།