
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ད་ལན་སྐུ་ཉིད་གྲོས་ཚོགས་འོག་མའི ་ཚོགས་གཙོར་འོས་འདེམས་བྱུང་བ་དེ ས། སྐུ་ཉིད་ཀྱི་དབུ་ཁྲིད་གནང་ཕྱོ གས་ཀྱི་ནུས་པར་ཡིད་ཆེས་ཆེན་པོ་ ཡོད་པ་གསལ་པོར་མཚོན་གྱི་ཡོད། སྐུ་ཉིད་ཀྱིས་རྒྱ་གར་གཞུང་མང་ གཉིས་ལ་ལོ་མང་ཞབས་ཕྱི་ཧུར་ཐག་ཞུ ས་པར་མ་ཟད། གཟེངས་སུ་ཐོན་པའི་གྲུབ་འབྲས་བྱུ ང་ཡོད་པ་ནི་བསྔགས་འོས་སུ་གྱུར་ བ་ཞིག་ཆགས་ཀྱི་ཡོད།
རྒྱ་གར་གཞུང་མང་གཉིས་ནས་ལོ་ངོ་ དྲུག་ཅུ་ལྷག་གི་རིང་བོད་མིའི་བླ ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོ ག་དང་། བོད་མི་རྣམས་ལ་མཐུན་འགྱུར་དང་། བོད་ཀྱི་བདེན་པའི་རྩ་དོན་ཐོག་རྒྱ བ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ རྒྱུ་དང་། འབྱུང་འགྱུར་མུ་མཐུད་གཉིས་སྨན་ དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུ ད་བོད་རྒྱའི་དཀའ་རྙོག་སེལ་ཐབས་ སུ་སྐུ་ཉིད་ནས་རྒྱབ་སྐྱོར་གནང་ རྒྱུའི་རེ་བ་ཞུ་རྒྱུ་ཡིན། ངས་སླར་ཡང་སྐུ་ཉིད་ལ་འཚམས་འདྲི་ ཞུ་རྒྱུ་དང་། སྐུ་ཉིད་ཀྱི་ལས་ཡུན་རིང་རྒྱ་གར་ གྲོས་ཚོགས་འོག་མའི་ལས་དོན་མཐའ་ དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་ བཅས།