༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཞབས་པུས་སྨན་བཅོས་སླད་ཨ་རིར་ཆིབས་བསྒྱུར་བསྐྱང་གཏན་ཁེལ་བ་དང་བསྟུན། ༸རྒྱལ་བའི་སྐུ་ཕྱྭའི་སླད་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་སྤྱན་འདྲེན་ཞུས་པའི་བཀའ་ལུང་དུ་ཞབས་རིམ་སྨན་བླའི་གཟུངས་སྔགས་འགྲོ་གང་ཆེ་གྲངས་གསོག་དགོས་པའི་བཀའ་ལུང་ཕེབས་པ་ལྟར། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་རྣམས་ནས་སྨན་བླའི་གཟུངས་སྔགས་གསོག་སྒྲུབ་གནང་བཞིན་ཡོད་པ་དང་།
ཕྱི་ལོ་༢༠༢༤ ཟླ་ ༠༦ ཚེས་ ༦ ས་ག་ཟླ་བའི་གནམ་གང་སྟེ་དུས་ཚིག་ཁྱད་པར་ཅན་གྱི་ཉིན་མོར་ཧར་པར་པུར་དང་། ལ་ཁན་ཝ་ལ། ཁེ་ར། སྦ་ལུ་ཝ་ལ་བཅས་ཀྱི་ས་གནས་མི་མང་རྣམས་ལ་ཁན་ཝ་ལ་སྤྱི་ཁང་དུ་འདུ་འཛོམས་ཐོག་ཉིན་གཅིག་རིང་སངས་རྒྱས་སྨན་བླའི་གཟུང་བསྔགས་གསོག་བསྒྲུབ་གནང་ཡོད་པ་བཅས།།