༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ནང་ལས་བྱེད་དགོས་མཁོ་བཞིན། དྲུང་གཞོན་ལས་རོགས་ ༡ སྡེ་ཚན་འགན་འཛིན་ ༣ ལས་དྲུང་ ༣ རྒན་དྲུང་ ༥ བཅས་བསྡོམས་ལས་བྱེད་གྲངས་ ༡༢ གསར་འདེམས་ཞུ་གཏན་འཁེལ་བས། གཤམ་གསལ་ཆ་རྐྱེན་ཚང་ཞིང་རང་རེའི་རྩ་དོན་ཐོག་སྲི་ཞུའི་ཞབས་འདེགས་ཞུ་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༧ ཕྱི་དྲོ་ཕྱག་ཚོད་ ༢ པ་འགྱངས་མེད་དྲྭ་ཐོག་ (online) འཚང་སྙན་འགེངས་འབུལ་ཞུ་དགོས།
ཀ༽གོང་གསལ་གནས་རིམ་སོ་སོར་འཚང་སྙན་འབུལ་མཁན་རྣམས་ནས་གཤམ་གསལ་ཡིག་ཆ་དང་ལག་ཁྱེར་རྣམས་དྲྭ་ཐོག་འབུལ་ལམ་ཞུ་དགོས།
༡༽ ཤེས་ཚད་ལག་ཁྱེར། ཚད་ལྡན་མཐོ་སློབ་ཞིག་ནས་ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་པའི་ལག་ཁྱེར་དང་གྲུབ་འབྲས་ཨང་ཤོག་ (Bachelor Degree &་Marks Card) ཡང་ན། ལས་བྱེད་འདེམས་ལྷན་ནས་གོང་མཚུངས་ངོས་ལེན་རྩ་འཛིན་འཕེར་བའི་ཤེས་ཚད་ལག་འཁྱེར།
༢༽ སྐྱེས་ཚེས་ལག་ཁྱེར་དང་། ལོ་ཚད།
༢་༡། ཁྲིམས་མཐུན་སྐྱེས་ཚེས་ལག་ཁྱེར་རམ་ (Birth Certificate) ཡང་ན། སྐྱེས་ཚེས་འཁོད་ཡོད་པའི་འཛིན་གྲྭ་བཅུ་པའི་ལག་ཁྱེར། (Class X pass certificate)
༢་༢། ༢༠༢༤།༠༦།༡༧ ཉིན་རང་ལོ་ ༢༥ ལས་མི་ཉུང་ཞིང་། རང་ལོ་ ༤༠ ལས་མ་བརྒལ་བ་དགོས།
༣༽ དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་ཤོག
༤༽ གནས་ཡུལ་རྒྱལ་ཁབ་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་ཁྱེར་ (RC or Aadhar card)
༥༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ།
༦༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར། (Character Certificate)
༧༽ སྡེ་ཚན་དང་། ཚོགས་སྐྱིད་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར།
ཁ༽ རྒྱུགས་གཞི།
བོད་ཨིན་གཉིས་ཀྱི་སྐད་ཡིག་ནང་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
ག༽ རྒྱུགས་འཕྲོད་པར། རྒྱུགས་གཞི་བོད་ཨིན་གཉིས་སོ་སོར་ཉུང་མཐའི་བརྒྱ་ཆ་ ༥༠ ཐམ་པ་ལོན་པ་དགོས།
འཚང་སྙན་འབུལ་མཁན་རྣམས་ནས་གཤམ་གསལ་དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༧ ནང་ཚུད་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འགེངས་ཤོག་འབྱོར་ཞིང་འོས་ཆོས་ཚང་བ་རྣམས་ལ་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༤ ཟླ་ ༥ ཚེས་ ༡༧ ལ།།
དྲུང་གཞོན་ལས་རོགས་འཚང་སྙན་འགེངས་ཤོག་དྲྭ་མཐུད། (Online application link)
https://forms.gle/Rzscu41WEpj28fXNA
སྡེ་ཚན་འགན་འཛིན་འཚང་སྙན་འགེངས་ཤོག་དྲྭ་མཐུད། (Online application link)
https://forms.gle/2YVruxdbm9WjW33TA
ལས་དྲུང་འཚང་སྙན་་འགེངས་ཤོག་དྲྭ་མཐུད། (Online application link)
https://forms.gle/BJiSGDRNc9qDyENz5
རྒན་དྲུང་འཚང་སྙན་འགེངས་ཤོག་དྲྭ་མཐུད། (Online application link)
https://forms.gle/5ej8GuFxpSVGRakB7
Contact address & email :
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
E-mail:[email protected]