༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༠༦ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བྷ་རཏ་ཏིབྦཏ་སཧ་ཡོག་མཾཅ་ (Bharat Tibbat Sahyog Manch) དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་ཆེན་གྱི་མཇུག་སྡོམ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕེབས་ཞུགས་ཀྱི་གསུང་བཤད་གནང་ཡོད་པ་རེད།
གཞན་ཡང་མཛད་སྒོའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (BTSM) ཐོག་མར་གསར་འཛུ སྐབས་དེར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་སྐབས། འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་བོད་ཀྱི་རྒྱལ་པོ་དང་པོ་རྒྱ་གར་ནས་བྱོན་ཚུལ་ཤོད་ཀྱི་ཡོད་པ་ལྟར་འབྲེལ་བ་རྙིང་པ་ཡིན་པ་མ་ཟད། བོད་མི་ཕལ་མོ་ཆེ་བས་རྒྱ་གར་ནས་དར་བའི་ནང་པ་སངས་རྒྱས་པའི་ཆོས་ཉམས་སུ་ལེན་གྱི་ཡོད་པའི་ཁར། བོད་ཀྱི་ཡི་གེ་ཡང་རྒྱ་གར་གྱི་ལེགས་སྦྱར་གྱི་སྐད་ལས་དཔེ་བླངས་པར་གྲགས་ཞེས་གསུངས།
དེ་བཞིན་ཁོང་གིས་རྒྱ་ནག་དམར་ཤོག་གཞུང་གིས་བོད་བཙན་བཟུང་མ་བྱས་བར་དུ་རྒྱ་དཀར་ནག་བར་ས་མཚམས་ཀྱི་འབྲེལ་བ་མེད་པ་དང་། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་གར་གྱི་ས་ཁུལ་ཡིན་པ་ནན་བརྗོད་གནང་རྗེས་རྒྱ་གར་གཞུང་དམངས་གཉིས་ནས་བཙན་བྱོལ་བོད་མི་རྣམས་ལ་གནས་ཚང་གཡར་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱང་འཛུགས་རྒྱུའི་མཐུན་འགྱུར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་བཞིན། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་གསལ་པོ་བཟོ་གནང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད། དེ་རྗེས་རྒྱ་གར་དབུས་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་ལས་འཕར་སན་དུ་ལགས་ཀྱིས་ཕྱི་ལོའི་དུས་རབས་བཅུ་དགུ་པའི་བོད་དང་ཊོག་རའི་དམག་འཁྲུགས་ལུང་དྲངས་ཏེ། ལོ་རྒྱུས་ཐོག་ནས་རྒྱ་དཀར་ནག་བར་ས་མཚམས་ཀྱི་འབྲེལ་བ་མེད་པ་གསལ་སྟོན་གནང་།
དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (BTSM) ཐོག་མར་གསར་འཛུ
དུས་ཆེན་འདི་དང་འབྲེལ་ཏེ་འཕགས་བོད་འབྲེལ་མཐུད་ལས་ཁང་ངོས་ནས་ཚོགས་བཅར་བ་རྣམས་ལ་བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་འགྲེམས་སྤེལ་གནང་ཡོད་པ་བཅས།།