༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༥ ཚེས་ ༢༩ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ལོ་འཁོར་ཁང་ཚན་ནང་ཁུལ་གྱི་ལྷ་གཞུང་འཁྲབ་སྟོན་འགྲན་བསྡུར་གྱི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕེབས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦། ༣༠ ཙམ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་ཕེབས་འབྱོར་སྐབས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས་དང་། བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས། སློབ་གྲྭའི་སློབ་སྤྱི་ངག་དབང་ལྷ་མོ་ལགས་གཙོས་པའི་སློབ་ཕྲུག་རྣམས་ཀྱིས་ཕེབས་བསུ་ཞུས་ཡོད།དེ་ནས་ཁང་ཚན་སོ་སོས་སྐར་མ་སུམ་
དེ་བཞིན་སློབ་ཕྲུག་རྣམས་ཀྱིས་དེ
འཁྲབ་སྟོན་པ་རྣམས་ནས་སྣང་ས་འོད་འབུམ་དང་། གཟུགས་ཀྱི་ཉི་མ། ཆོས་རྒྱལ་ནོར་བཟང་། འགྲོ་བ་བཟང་མོ་བཅས་ཀྱི་ལྷ་གཞུང་འཁྲབ་སྟོན་གནང་ཞིང་། ད་ལོའི་ཁང་ཚན་ནང་ཁུལ་གྱི་ལྷ་གཞུང་འགྲན་བསྡུར་གྱི་ཨང་རིམ་དང་པོ་དེ་གཉའ་ཁྲི་ཁང་ཚན་ལ་ཐོབ་ཡོད་པ་རེད། སྐབས་དེར་དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱང་ཕེབས་ཞུགས་གནང་ཡོད་པ་བཅས།།