༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་། བེལ་ཇ་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས།པེ་རི་སིའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་གཙོས་པའི་ས་གནས་བོད་མི་རྣམས་ནས་ཕེབས་བསུ་ཞུས་ཡོད།དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ཕ་རན་སིའི་གྲོས་ཚོགས་གོང་མའི་ནང་ཆེད་ཕེབས་ཀྱིས་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཁེ་ལིན་ཨུ་ཏ་ཆི་བྷུ་རུ་ནུ་ལགས། ཨལ་སི་ཇོ་སབ་ལགས། མ་རི་མར་སིར་ལགས། མ་རི་པེ་རི་རི་ཅར་ལགས། ཨོ་ལི་བར་རིཊ་མན་ལགས། ཨེ་ནི་མེ་རི་ནི་དེ་ལེཊ་ལགས། དེ་བཞིན་ལས་རོགས་མ་རི་ན་ཊི་ལབ་ལག་ནོ་ལི་ལགས། ཝར་ཇི་ནི་མུ་ནེ་རེཊ་ལགས། ཐེ་རི་མུ་ནེར་ལགས་ནས་ཕེབས་བསུ་ཞུས་ཡོད།ཕྱི་ཚེས་ ༡༦ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕ་རན་སིའི་རྒྱལ་ས་པེ་རི་སིར་པེ་རི་སིའི་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་ཇེན་ལུག་རོ་མི་རོ་ལགས་དང་། གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་གི་ནི་བི་བི་གྷ་རི་གོ་རི་ལགས་གཙོས་པའི་གཞུང་གི་གནད་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་ལྷན་དུ་བེལ་ཇ་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། པེ་རི་སིའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་དང་ལས་བྱེད་འཇིགས་མེད་རྡོ་རྗེ་ལགས་ལྷན་ཞུགས་གནང་ཡོད་པ་རེད། །