༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༣ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ཨེ མ་སི་སྨན་ཁང་དུ་རྒྱ་གར་ཤར་ཕྱོ གས་སུ་རྟེན་གཞི་བྱས་པའི་བྷི་ཧར་ མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ གཞོན་པ་ཟུར་པ་སྐུ་ཞབས་སྰུ་ཤིལ་ ཀུ་མར་ མྰོ་དྷི་ (Sushil Kumar Modi Ji) མཆོག་རང་ལོ་ ༧༢ ལ་སྐུ་ཚེའི་འཕེན་པ་རྫོགས་པར་ དཔལ་ལྡན་བོད་མི་མང་སྤྱི་འཐུས་ མཁན་པོ་བསོད་ནམས་བསྟན་འཕེལ་མཆོ ག་གིས་དམ་པ་ཚེ་འདས་ཀྱི་སྐུ་ཟླ་ (Jessie George) ལགས་སུ་བོད་མི་མང་སྤྱི་འཐུས་ལྷ ན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་གསོ འི་འཕྲིན་ཡིག་ཅིག་ཕུལ་གནང་ཡོད་ འདུག ཐུགས་གསོའི་འཕྲིན་ཡིག་ནང་འཁོད་ དོན། སྐུ་ཉིད་ཀྱི་བཟའ་ཟླ་སྐུ་ཚེ་མ་ཟི ན་པའི་ཡིད་སྐྱོ་བའི་གནས་ཚུལ་གོ་ བར་ཧ་ཅང་གིས་བློ་ཕམ་ཆེན་པོ་བྱུ ང་། དམ་པ་ཚེ་འདས་ཁོང་ནི་བོད་དོན་ཐོ ག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ ཞིག་དང་བོད་པའི་གྲོགས་པོ་ཡག་པོ་ ཞིག་ཀྱང་ཡིན་པས། ད་ཆ་ཁོང་སྐུ་ཚེའི་འཕེན་པ་རྫོགས་ པ་འདི་བོད་དང་བོད་མི་ཚོར་གྱོང་ གུན་ཆེན་པོ་ཞིག་ཡིན། དེ་སྔ་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ བྷི་ཧར་མངའ་སྡེ་རུ་བོད་དོན་ཞུ་ གཏུགས་ལས་འགུལ་སྐབས་ཧིན་བོད་ མཛའ་འབྲེལ་ཚོགས་པས་མཐུན་འགྱུར་ འོག་ཁོང་དང་མཇལ་འཕྲད་ཀྱང་བྱུང་ ཡོད། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི ་འཐུས་ཡོངས་དང་། སོ་སོ་སྒེར་གྱི་ངོས་ནས་ཐུགས་གསོ ་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཆེད་དུ་སྨོན་ ལམ་གསོལ་འདེབས་ཞུ་རྒྱུ་ཡིན་ཞེས་ འཁོད་གནང་ཡོད་འདུག
གསར་གནས།
འབྲེལ་གནས།