༄༅། །འདི་གར་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༥ ཚེས་ ༡༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུ
དེ་ནས་དགོང་དྲོ་ཆུ་ཚོད་ ༦།༣༠ ཐོག་ཐའེ་ཝན་ཞི་བདེ་ཡུན་བརྟན་བསྟི ་གནས་ཁང་གི་འགན་འཛིན་ (Mr. Chen-Ming-Huang) ལགས་དང་དྲུང་ཡིག་མཉམ་དུ་ཞལ་ལག་མཉམ་ རོལ་གྱིས་གླེང་མོལ་ཞིབ་ཕྲ་གནང་ ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༥ ཚེས་ ༡༧ ཉིན་རྒྱབ་ཚུ་ཚོད་ ༡།༣༠ ཙམ་ལ་ཕྱི་དྲིལ་ བཀའ་བློན་ནོར་འཛིན་སྒྲོལ་མ་མཆོ ག་དང་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ རྣམ་གཉིས་ཐའེ་ཝན་ཐའོ་ཡོན་རྒྱལ་ སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་ བར་འཁོད་དེ་ཐའེ་ཝན་བོད་ཀྱི་སྐུ་ ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ ཆེ། ཐའེ་སྡོད་བོད་རིགས་ཚོགས་ པའི་ཚོགས་གཙོ་དང་རྒྱུན་ལས་རྣམ་ པའི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ནས་ཐའེ་ཡོན་རྒྱལ་སྤྱིའི་གནམ་ ཐང་ནས་ཐད་ཀར་ཐའེ་ཝན་བོད་དང་ཐའེ་ ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ གཙོས་པའི་གཞུང་ཁོངས་མིན་པའི་ཚོགས་ པ་ཁག་ནས་གོ་སྒྲིག་ཞུས་པའི་ཀུན་ གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ ཆེ་མཆོག་རྒྱ་དམར་གཞུང་གིས་བཙན་ འཁྲིད་གར་སོང་ཆ་མེད་དུ་གྱུར་ནས་ མི་ལོ་ ༢༩ འཁོར་བའི་དྲ་ཐོག་གསར་འགོད་གསལ་ བསྒྲགས་གནང་བའི་མཛད་སྒོར་མཉམ་ཞུ གས་ཀྱིས་གསུང་བཤད་གནང་ཡོད། སྐབས་དེར་གཟིག་རྒྱབ་རིན་པོ་ཆེ་ མཆོག་དང་། བོད་མི་མང་སྤྱི་འཐུས་ ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ བཅས་ནས་ཀུན་གཟིགས་པཎ་རིན་པོ་ཆེ་ མཆོག་དང་འབྲེལ་བའི་གསུང་བཤད་ གནང་། གོང་གསལ་གསར་འགོད་གསལ་བསྒྲགས་ཐོ ག་སྤྱི་འཐུས་བསྟན་པ་ ཡར་འཕེལ་ལགས་དང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་རྣམ་གཉིས་ ཀྱང་མཉམ་ཞུགས་གནང་ཡོད། དེ་ནས་དགོང་དྲོ་ཚོུད་ལྔ་པ་ནས་དྲུ ག་པ་བར་ཐའེ་ཝན་གཞུང་འབྲེལ་གནད་ ཡོད་མི་སྣ་དང་མཇལ་འཕྲད་ཀྱིས་ བཀའ་མོལ་ཞིབ་ཕྲ་བྱུང་ཡོད། །