༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༠ པའི་ཐོག་ཉི་འོང་གི་ཨོ་ས་ཀའི་གྲོ ང་ཁྱེར་ནང་རྟེན་གཞི་བྱས་པའི་སློ བ་གྲྭ་ (Seifu Gakkuin) གྱི་སློབ་སྤྱི་གཞོན་པ་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧི་རོ་ཨོ་ཀ་ (Hiraoka Hiroaki,Vice Principal, Seifu Gakkuin, Osaka) མཆོག་དང་། ཉི་འོང་གྲོས་ཚོགས་འཐུས་མི་ཟུར་ པ་དང་། ཉི་འོང་གྲོས་ཚོགས་འཐུས་མི་བོད་ དོན་རྒྱབ་སྐྱོར་བའི་སྤྱི་ཁྱབ་དྲུ ང་ཆེ་སྐུ་ཞབས་ན་ག་ཧོ་ཏ་ཀ་ཤི་ (Nagao Takashi) མཆོག དེ་བཞིན་ཉི་འོང་སྐུ་ཚབ་དོན་གཅོ ད་ཨརྱ་ཚེ་དབང་རྒྱལ་པོ་ལགས་བཅས་ ནས་བོད་མི་མང་སྤྱི་འཐུས་ལྷན་ཚོ གས་སུ་དཔལ་ལྡན་སྤྱི་འཐུས་ཚོགས་ གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ མཆོག་མཇལ་འཕྲད་དུ་བཅར་གནང་སོང་།


