༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༠༣ ཉིན་ཀ་སྦུག་ས་གནས་འགོ་འཛིན་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་ཡོད།
དེ་ཡང་གོང་ཚེས་ཉིན་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དོན་གྲུབ་བཟང་པོ་ལགས་ཀྱི་སྤྲོད་དཔང་གནང་སྟེ། ཀ་སྦུག་ས་གནས་འགོ་འཛིན་རྙིང་པ་ཀརྨ་དགེ་ལེགས་ལགས་དང་། ལས་ཚབ་ས་གནས་འགོ་འཛིན་བསྟན་འཛིན་ཆོས་དབྱིངས་བར་རྩིས་སྤྲོད་རྩིས་ལེན་གནང་ཡོད་ཅིང་། སྐབས་དེར་ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་ལྷན་ཞུགས་གནང་ཡོད་པ་བཅས།།